རྨི་ལམ་ནང་གི་གཅེས་ཕྲུག

ཨུ་རྒྱན་སྐྱབས།        2017-12-04

ནམ་རྒྱུན་རྨི་ལམ་ནང་དུ། །

བརྩེ་སེམས་ཁྱེད་ཕྱོགས་ཤོར་སོང་། །

ང་ཡི་སྙིང་སྡུག་མཛེས་མ། །

དྲན་པའི་མིག་ཆུ་འཐོར་སོང་། །

རྨི་ལམ་རྨི་ལམ་བར་དུ། །

བརྩེ་བའི་ཡེ་ཤེས་སྒྲོལ་མ། །

དྲན་དང་དྲན་པའི་བར་ནས། །

མགོ་སྔས་མཆི་མས་བརླན་འདུག །

རྨི་ལམ་ལོ་ཟླའི་ནང་དུ། །

ཁྲོམ་ཆེན་སྨུག་པས་གཡོགས་འདུག །

མིག་གིས་མཛའ་མཐུན་མཐོང་དུས། །

སྙིང་དཀྱིལ་གཅེས་ཕྲུག་དྲན་བྱུང་། །

སྐྱོ་དང་སྐྱོ་བའི་བར་ནས། །

གཞིས་བྱེས་ལྷན་འཛོམས་སྒུག་ཡོད། །

གསོལ་དང་སྨོན་ལམ་འདེབས་བཞིན། །

ཁྱེད་དང་སླར་མཐུན་རྨིས་སོང་། །

  • ལེ་ཚན་སྔོན་མ།:གཡང་གི་མཚོ་མོ་རང་འཁྱིལ།
  • ལེ་ཚན་རྗེས་མ།:བསྟོད་གླུ།