འཁོར་སྐྱོད་བྱེད་པའི་མི་རྣམས་ཀྱིས་གློ་གཅོང་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།(4)

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།        2010-08-26

    མཁར་གྲོང་དུ་ཡོང་ནས་ལས་ཀ་གཉེར་བའི་འཁོར་བསྐྱོད་མི་སྣ་དང་། ནད་རིགས་གཞན་པ་བྱུང་ཡོད་པའི་མི་སྟེ། དཔེར་ན་གཅིན་སྙི་ཟ་ཁུའི་ནད་དང་ས་རྡུལ་གློ་ནད། ཨེ་ཙི་ནད། ཕོ་བ་གཤག་བཅོས་བྱས་རྗེས་ཀྱི་མི། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དུས་ཡུན་རིང་བོར་སྨན་རྫས་སྐུལ་རྩི་འཐུང་བ་ལས་ལུས་ཀྱི་ནད་འགོག་ནུས་པར་ཚོད་འཛིན་ཐེབས་པའི་མི། རྒྱུན་པར་ཡི་མུག་པ་ལས་ནད་འགོག་ནུས་པ་དོ་མི་མཉམ་པར་འགྱུར་བའི་མི། རྒྱུན་དུ་ཐང་ཆད་སླ་བའི་མི། དུ་བ་འཐེན་པ་ལས་གློ་ཡུའི་ཡན་ལག་ལ་ཕོག་ཐུག་བཏང་ནས། ནད་འགོག་ནུས་པ་ཇེ་ཞན་ཏུ་གྱུར་བའི་མི་བཅས་ལ་གློ་གཅོང་ནད་འབྱུང་སླ་བ་ཡིན།

    གློ་གཅོང་ནད་པས་གང་སར་ལུད་པ་འཕེན་མི་རུང་བའི་རྒྱུ་མཚན་ཅི་ཡིན།

    ལུད་པ་ནི་མིའི་དབུགས་ལམ་གྱི་ཟེགས་ཐོན་དངོས་རྫས་ཤིག་ཡིན་ཞིང་། རྒྱུན་ལྡན་གྱི་མི་ལ་ལུད་པ་ཧ་ཅང་ཉུང་བ་ཡིན། ཡིན་ན་ཡང་གློ་བའི་ནད་རིགས་སྟེ། དཔེར་ན། གློ་ཡུའི་ཡན་ལག་ཆེར་འབྱེད་པ་དང་གློ་བར་རྣག་གཤིས་ཅན་གྱི་གཉན་ཚད་རྒྱས་སྐབས། ལུད་པ་སེར་བོ་ཇེ་མང་དུ་འགྲོ་བ་མ་ཟད། ད་རུང་ལུད་པའི་ནང་ནད་བསྐྱེད་པའི་འབུ་ཕྲ་མང་པོ་ཡོད་པ་རེད། གློ་གཅོང་ནད་པས་གལ་ཏེ་གང་སར་ལུད་པ་འཕེན་ཚེ། ལུད་པའི་ནང་གི་གློ་གཅོང་འབུ་ཕྲ་མཁའ་དབུགས་ནང་ཁྱབ་པ་དེ། རྒྱུན་ལྡན་གྱི་མིས་རྔུབ་པ་ལས་གློ་གཅོང་ནད་འགོ་སྲིད་པ་རེད། དེར་བརྟེན། གློ་གཅོང་ནད་པས་གང་སར་ཁ་ལུད་འཕེན་མི་རུང་བ་ཡིན།

    གློ་གཅོང་ནད་གསོ་བཅོས་བྱས་ནས་དྲག་རྗེས་ཕྱིར་འཕར་སྲིད་དམ།

    སྤྱིར་གསར་དུ་མཐོང་བའི་འགོ་བའི་རང་བཞིན་གྱི་གློ་གཅོང་ནད་པས་ཚད་ལྡན་གྱི་རྫས་འགྱུར་སྨན་གྱིས་གསོ་བཅོས་བྱེད་པའི་ཇུས་གཞི་ལྟར། ཆོས་ཉིད་ལྡན་པའི་སྒོ་ནས་གསོ་བཅོས་དང་། གཏན་ཁེལ་གྱི་སྨན་བཅོས་དུས་ཡུན་ལོངས་སུ་བཅུག་ཚེ། བརྒྱ་ཆའི་གོ་ལྔ་ཡན་གྱི་ནད་པ་ཡོངས་སུ་སངས་དྲག་འབྱུང་ཐུབ་པ་ཡིན། ལོ་གཉིས་ལ་ལྟ་ཞིབ་བྱས་པ་བརྒྱུད་ནས་ནད་ཕྱིར་འཕར་ཚད་དེ་བརྒྱ་ཆའི་གཉིས་ཡས་མས་རེད། ཡིན་ན་ཡང་ནད་ཕྱིར་འཕར་བ་དེ་སྔར་བཞིན་གློ་གཅོང་ནད་ཀྱི་ཁྱད་ཆོས་ཤིག་ཡིན་པས། སྨན་འཐུང་མཚམས་བཞག་རྗེས་སྦྱོང་བརྡར་འོས་འཚམ་བྱེད་པ་དང་འཚོ་བཅུད་ཁ་གསབ་བྱེད་པ། ཧུར་ཐག་སྒོས་མཉམ་བྱུང་ནད་གསོ་བཅོས་བྱེད་པ། ནད་རྟགས་ཡོད་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་པ་སོགས་ནི་ནད་ཕྱིར་འཕར་བ་སྔོན་འགོག་བྱེད་པའི་ཕན་ནུས་ལྡན་པའི་བྱེད་ཐབས་ཡིན།

    གློ་གཅོང་ནད་བྱུང་ཚེ་ལུས་ཕུང་ལ་གནོད་པ་ག་འདྲ་ཡོད།

  • ལེ་ཚན་སྔོན་མ།: དཔྱིད་ཀའི་རྒྱུན་མཐོང་ནད་རིགས་དང་དེ་སྔོན་འགོག་བྱེད་ཐབས།
  • ལེ་ཚན་རྗེས་མ།:མཁྲིས་པའི་རྡོ་སྐྲན་གྱི་སྔོན་འགོག
  • དོ་སྣང་ཆེ་བའི་རྩོམ།