སྒྲོལ་མ་སྐྱིད་ཀྱིས་བསྒྱུར། 2010-08-26
གློ་གཅོང་ནད་ཀྱི་རྒྱུན་མཐོང་གི་ནད་རྟགས་ནི་ལུས་ཡོངས་མི་བདེ་བ་དང་། ཐང་ཆད་པ། ཡི་ག་ཞན་པ། ཚ་ཅུང་ཙམ་ལངས་བ། རྔུལ་ཆུ་བཞུར་བ། ཟླ་མཚན་མི་སྙོམས་པ། རྩི་ཤིང་དབང་རྩའི་བྱེད་ནུས་འཁྲུག་པ་སོགས་ཡིན་ལ། མྱུར་བའི་རང་བཞིན་གྱི་གློ་གཅོང་ནད་པ་མི་ཉུང་བ་ཞིག་ལ་ཚ་ཆེན་པོ་ལངས་བ་སོགས་ཀྱི་ནད་རྟགས་འབྱུང་བ་རེད།
གློ་བར་གནོད་པ་ཐེབས་པ་ལས་བྱུང་བའི་དབུགས་ལམ་གྱི་ནད་རྟགས་གཙོ་བོ་ནི། ལུ་བ་དང་ལུད་པ་ཐོན་པ། ནད་པ་གསུམ་ཆའི་གཅིག་ལ་ཚད་མི་འདྲ་བའི་ཁྲག་ལུ་བ་དང་ བྲང་ཁ་ན་བ། དབུགས་ལེན་དཀའ་བ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད། གློ་གཅོང་ནད་ཀྱི་ནད་རྟགས་དེ་གཅོང་ནད་ལ་དམིགས་བསལ་དུ་ཡོད་པ་ཞིག་མིན་ལ། ནད་རྟགས་ཀྱི་ཚད་རིམ་དེ་ནད་འགྱུར་གྱི་ཁྱབ་ཁོངས་དང་འཕེལ་ཚད། ལུས་ཁམས་ཀྱི་འགྱུར་ལྡོག་རང་བཞིན་བཅས་དང་འབྲེལ་བ་ཡོད་པ་ཞིག་ཡིན། གཟའ་འཁོར་གཉིས་ཡན་ལ་ལུ་བ་དང་ལུད་པའི་ནང་ཁྲག་འདྲེས་ཚེ་གློ་གཅོང་ནད་འབྱུང་བའི་ངེས་བ་ཆེ་བས། གློ་གཅོང་ནད་ལ་དོགས་པ་ཟ་བའི་ནད་རྟགས་ལ་གཏན་ཁེལ་བྱེད་དགོས།
གློ་གཅོང་ནད་ནི་དལ་བའི་རང་བཞིན་གྱི་ནད་ཅིག་ཡིན་པས། ནད་རྟགས་མང་ཆེ་བ་ནི་ཡང་མོ་ནས་ལྗིད་མོ་དང་། ནད་རྟགས་མི་གསལ་བ་ནས་གསལ་བར་གྱུར་ནས་རིམ་བཞིན་ཇེ་སྡུག་ཏུ་འགྲོ་བ་དང་། དུས་ཐོག་མའི་ནད་པ་མང་ཆེ་བ་ཞིག་གི་ནད་རྟགས་ཅུང་ཡང་བས་རྒྱུན་པར་དོ་སྣང་བྱེད་ཀི་མེད་ཅིང་། ཡང་ལ་ལས་ཆམ་ནད་དང་གློ་ཡུའི་གཉན་ཚད་ལ་གོ་ནོར་འབྱུང་གི་ཡོད་པ་རེད། དེར་བརྟེན། གལ་ཏེ་གློ་གཅོང་ནད་ཀྱི་འབྲེལ་ཡོད་ནད་རྟགས་དང་ཁྱད་པར་དུ་གློ་གཅོང་ནད་ལ་དོགས་པ་ཟ་བའི་ནད་རྟགས་ཡོད་ཚེ་དུས་ཐོག་ཏུ་ཞིབ་བཤེར་བྱེད་དགོས།
མི་གང་དག་ལ་གློ་གཅོང་ནད་འབྱུང་སླ་བ་ཡིན།
གློ་གཅོང་འབུ་ཕྲ་འགོས་མེད་པའི་མི་ཚོགས་ལ་མཚོན་ན། གལ་ཏེ་གཅོང་ནད་འབུ་ཕྲ་མཆེད་པའི་ཁོར་ཡུག་ཏུ་འཚོ་བ་རོལ་བ་དང་བྱ་བ་སྒྲུབ་ཚེ། ཡོངས་ཁྱབ་ཏུ་ནད་དེ་འགོ་སླ་ཡིན། དེའི་ནང་ད་རུང་ཤེས་མེད་པ་དང་གསོ་བཅོས་བྱས་ནས་ནད་དྲག་མེད་པའི་གློ་གཅོང་ནད་པ་དང་འབྲེལ་འདྲིས་དམ་པོ་ཡོད་པའི་མི་ལ་གཅོང་ནད་འབུ་ཕྲ་འགོ་སླ་བ་ཡིན། དཔེར་ན་གློ་གཅོང་ནད་པའི་ཁྱིམ་མི་དང་ནང་སྒོས་སུ་བྱིས་པ། གློ་གཅོང་ནད་པར་འབྲེལ་འདྲིས་བྱས་པའི་སྨན་བཅོས་མི་སྣ་བཅས་ཡིན།
གློ་གཅོང་ནད་ལ་དོགས་པ་ཟ་མཁན་གྱིས་ཐོག་མར་གང་ལ་སོང་ནས་ནད་བརྟག་སྨན་བཅོས་བྱེད་དགོས།
མིག་སྔར་རང་རྒྱལ་དུ་ཀྲུང་དབྱང་ནས་རྫོང་ཁག་སོ་སོར་གློ་གཅོང་ནད་འགོག་བཅོས་ཆེད་ལས་སྒྲིག་གཞི་བཙུགས་ཡོད་པ་དང་། གལ་ཏེ་གློ་གཅོང་ནད་ཀྱི་དོགས་གཞི་ཡོད་པའི་ནད་རྟགས་བྱུང་ན་མྱུར་དུ་རང་ཡོད་སའི་ས་ཁུལ་གྱི་གློ་གཅོང་ནད་འགོག་བཅོས་ས་ཚིགས་དུ་སོང་ནས་ནད་བརྟག་སྨན་བཅོས་བྱེད་དགོས། རྫོང་དང་ས་ཁུལ་གྱི་གློ་གཅོང་ནད་འགོག་བཅོས་སྒྲིག་གཞི་ནི་གློ་གཅོང་ནད་བྱུང་བའི་ནད་པར་བརྟག་དཔྱད་དང་གསོ་བཅོས། དོ་དམ་བཅས་བྱེད་པའི་ཆེད་ལས་སྒྲིག་གཞི་ཞིག་ཡིན་ཞིང་། སྨན་བཅོས་མི་སྣར་ཆེད་ལས་ཀྱི་གསོ་སྦྱོང་ཆ་ཚང་བྱས་ཡོད།
ཅི་ཞིག་ལ་གློ་གཅོང་ནད་ཀྱི་དོགས་གཞི་ཡོད་མཁན་ཟེར།
རྩོམ་གསར། 10