འཁོར་སྐྱོད་བྱེད་པའི་མི་རྣམས་ཀྱིས་གློ་གཅོང་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།(3)

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།        2010-08-26

    ནད་རིགས་གཞན་པ་དང་འདྲ་བར་ཐོག་མའི་དུས་རིམ་གྱི་གློ་གཅོང་ནད་དེར། ནད་གཞིར་འགྱུར་ལྡོག་ཆུང་བར་བརྟེན་ནས་མངོན་གསལ་གྱི་ནད་རྟགས་མེད་པ་རེད། གལ་ཏེ་ནད་རྟགས་ཡོད་ན་ཡང་། གློ་གཅོང་ནད་ཀྱི་ནད་རྟགས་ལ་ཆེས་མངོན་གསལ་གྱི་ཁྱད་ཆོས་མེད་པའི་དབང་གིས་ནད་པ་དང་སྨན་པས་ནད་གཞན་པར་གོ་ནོར་བྱུང་ནས་གློ་གཅོང་ནད་ལ་བསམ་བློ་གཏོང་གི་མེད། གློ་གཅོང་ནད་ཀྱི་དོགས་གཞི་ཡོད་པའི་ནད་རྟགས་ནི་གཟའ་འཁོར་གཉིས་ཡན་ལ་ལུ་བ་དང་ལུད་པའི་ནང་ཁྲག་འདྲེས་བ། ཚ་རྒྱས་བ། བྲང་ཁ་ན་བ་སོགས་ཡིན།

    གློ་གཅོང་ནད་ཀྱི་དོགས་གཞི་ཡོད་པའི་ནད་རྟགས་བྱུང་ན་ཅི་ལྟར་ཐག་གཅོད་དགོས།

    མི་སུ་ཡིན་རུང་གལ་ཏེ་གློ་གཅོང་ནད་ཀྱི་དོགས་གཞི་ཡོད་པའི་ནད་རྟགས་བྱུང་ན། རང་ཉིད་ལ་གློ་གཅོང་ནད་བྱུང་ཡོད་མེད་ལ་བསམ་བློ་བཏང་ནས་མྱུར་དུ་གློ་གཅོང་ནད་འགོག་བཅོས་ལྟེ་གནས་སུ་སོང་ནས་ཞིབ་བཤེར་བྱེད་དགོས། ཞིབ་བཤེར་བྱེད་ཐབས་གཙོ་བོ་ནི་ནད་པའི་ལུད་པར་བརྟག་དཔྱད་དང་བྲང་ཁོག་ལxགློག་འོད་ཀྱི་འདྲ་པར་ལེན་པ་དེ་ཡིན། གལ་ཏེ་ཞིབ་བཤེར་བྱས་ནས་ལུད་པའི་ནང་གློ་གཅོང་འབུ་ཕྲ་ཡོད་ཚེ། འགོས་ཁྱབ་རང་བཞིན་ལྡན་པས། མྱུར་དུ་གློ་གཅོང་ནད་འགོག་པའི་གསོ་བཅོས་བྱེད་དགོས།

    གློ་གཅོང་ནད་དེ་མི་རབས་རྗེས་མར་འགོ་སྲིད་དམ།

    གློ་གཅོང་ནད་ནི་དལ་བའི་རང་བཞིན་གྱི་འགོ་ནད་ཅིག་ཡིན་པ་ལས་རྒྱུད་འཛིན་རང་བཞིན་གྱི་ནད་རིགས་ཤིག་མིན། དེར་བརྟེན་མི་རབས་རྗེས་མར་གློ་གཅོང་ནད་འགོ་མི་སྲིད་པ་ཡིན། ཁྱིམ་ཚང་ལ་ལར་དུས་མཉམ་དུ་གློ་གཅོང་ནད་བྱུང་བའི་ནད་པ་ཁ་ཤས་ཡོད་པ་དེ། གཙོ་བོ་ཁྱིམ་ཚང་དུ་འགོས་ཁྱབ་རང་བཞིན་ལྡན་པའི་གློ་གཅོང་ནད་པ་ཡོད་པའི་རྐྱེན་གྱིས་ཕན་ཚུན་ལ་འགོས་བ་ཡིན་པ་ལས། རྒྱུད་འཛིན་ལ་འབྲེལ་བ་མེད།

    འགོ་བའི་རང་བཞིན་གྱི་གློ་གཅོང་ནད་གསོ་བཅོས་བྱས་ནས་དྲགས་རྗེས་མི་གཞན་པར་འགོ་རུ་འཇུག་སྲིད་དམ།

    འགོ་བའི་རང་བཞིན་གྱི་གློ་གཅོང་ནད་གསོ་བཅོས་བྱས་རྗེས་དེའི་འགོ་བའི་རང་བཞིན་མྱུར་དུ་ཇེ་དམའ་རུ་འགྲོ་སྲིད་པ་ཡིན། ནམ་རྒྱུན་སྨན་རྫས་ལ་ཚོར་བ་རྣོ་བའི་འགོ་བའི་རང་བཞིན་གྱི་གློ་གཅོང་ནད་དེ། གསོ་བཅོས་བྱས་ནས་གཟའ་འཁོར་གཉིས་འགོར་རྗེས་དང་། ཁྱད་པར་དུ་ཟླ་གཉིས་ཀྱི་ནང་ལུད་པའི་ནང་གི་གློ་གཅོང་འབུ་ཕྲ་དེ་མགྱོགས་མྱུར་སྒོས་ཇེ་ཉུང་དུ་སོང་སྟེ། འབུ་ཕྲའི་འགུལ་སྐྱོད་ལ་ཡང་ཚོད་འཛིན་ཐེབས་པ་དང་ཡང་ན་རྩ་བ་ནས་མེད་པར་གྱུར་བས། མཐའ་འཁོར་གྱི་མི་ཚོགས་ལ་འགོ་མི་སྲིད། གློ་གཅོང་ནད་པས་གཏན་ལ་ཕབ་པའི་གསོ་བཅོས་ཇུས་གཞི་དང་གསོ་བཅོས་དུས་ཡུན་ལྟར་གསོ་བཅོས་བྱས་ནས་ནད་དྲག་རྗེས། ལུད་པར་བརྟག་དཔྱད་བྱས་ནས་གློ་གཅོང་འབུ་ཕྲ་མེད་ཚེ། མི་གཞན་པར་འགོ་མི་སྲིད་པ་ཡིན།

    མི་གང་དག་ལ་གློ་གཅོང་ནད་འབྱུང་སླ་བ་ཡིན།

  • ལེ་ཚན་སྔོན་མ།: དཔྱིད་ཀའི་རྒྱུན་མཐོང་ནད་རིགས་དང་དེ་སྔོན་འགོག་བྱེད་ཐབས།
  • ལེ་ཚན་རྗེས་མ།:མཁྲིས་པའི་རྡོ་སྐྲན་གྱི་སྔོན་འགོག
  • དོ་སྣང་ཆེ་བའི་རྩོམ།