སྨན་འཐུང་སྐབས་ཇ་དང་ལྷན་དུ་འཐུང་མི་ཉན།

        2017-05-22

ནད་པ་མི་ཉུང་བ་ཞིག་ལ་དུས་རྒྱུན་སྨན་འཐུང་སྐབས་ཆུ་ཁོལ་ལ་བརྟེན་ནས་སྨན་མི་འཐུང་བར་ཇ་དང་ལྷན་དུ་སྨན་འཐུང་བའི་སྲོལ་ཡོད། ཇ་དང་ལྷན་དུ་སྨན་འཐུང་ན་སྨན་དང་ཇའི་གྲུབ་ཆ་གཉིས་འགྱུར་བ་བྱུང་ནས་སྨན་གྱི་ནུས་པ་ཉམས་འགྲོ་བར་མ་ཟད། མིའི་ལུས་ཕུང་ལ་ཐད་ཀར་གནོད་པ་སྐྱེལ་སྲིད། རྒྱུ་མཚན་ནི་སྨན་ལས་བཟོ་གྲྭས་སྨན་ཡོད་ཚད་ཆུ་དང་འབྲེལ་ནས་ཚོད་ལྟ་བྱས་ཏེ་སྨན་རྫས་ཐོན་སྐྱེད་བྱས་པ་ཡིན་པས། ཆུ་ལས་གཞན་གྱི་གཤེར་ཁུའི་རིགས་སྨན་དང་འགྲོགས་ནས་བཏུང་མི་ཆོག་པ་རེད། དེས་མ་ཟད་ཆུ་ལས་གཤེར་ཁུ་གཞན་པར་བརྟེན་ནས་སྨན་འཐུང་ན་སྨན་གྱི་ནུས་པ་དང་ཉེན་ཁ་མེད་པའི་ཐད་ནས་ཁག་ཐེག་བྱ་རྒྱུ་ཤིན་ཏུ་དཀའ། དཔེར་ན།  ཇའི་ནང་དུ་ཏན་ཉིན(丹宁)ཞེས་པའི་གྲུབ་ཆ་ཞིག་ཡོད་ཅིང་། གལ་ཏེ་ལྕགས་རིགས་ཀྱི་རྫས་དང་འདྲེས་པའི་སྨན་དང་ཏན་ཉིན་ཞེས་པའི་གྲུབ་ཆ་གཉིས་བསྲེས་སྦྱོར་བྱས་ཚེ། ལྕགས་རིགས་ཀྱི་རྫས་དང་ཏན་ཉིན་གཉིས་ཕན་ཚུན་འགྱུར་བ་བྱུང་ནས་ལྕགས་རིགས་ཀྱི་རྫས་མིའི་ལུས་ཕུང་གིས་བསྡུ་ལེན་བྱེད་དཀའ་ལ་ནད་གཞན་ཡང་སློང་སྲིད། དེ་བས་ན་སྨན་འཐུང་ན་ཆུ་ཁོལ་ལ་བརྟེན་དགོས་པ་ཡིན་ནོ།།

  • ལེ་ཚན་སྔོན་མ།:ཞིང་ཁར་སྨན་གཏོར་མི་སྣས་འགོག་སྲུང་གི་ཐབས་ཤེས་གང་འདྲ་སྤྱད་དགོས།
  • ལེ་ཚན་རྗེས་མ།:ལོ་ན་གཞོན་པའི་དུས་སུ་ཆང་འཐུང་མི་ཉན་པའི་རྒྱུ་མཚན་ཅི།
  • དོ་སྣང་ཆེ་བའི་རྩོམ།