སྲིད་གཞུང་གི་ལས་དོན་སྙན་ཞུ །9

        2011-03-24

འཐུས་མི་རྣམ་པ།
“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཞང་ཀང་བར་ཞང་ཀང་སྐྱོང་བ།”“ཨའོ་མོན་པས་ཨའོ་མོན་སྐྱོང་བ།”རང་སྐྱོང་ཚད་མཐོ་བྱེད་པ་བཅས་ཀྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ་དང་།  ཞང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གཉིས་ཀྱིས་དཔལ་འབྱོར་གོང་དུ་སྤེལ་བའི་ནུས་ཤུགས་ཡོད་དགུ་འདོན་པར་རོགས་སྐྱོར་བྱས་ཏེ་དམངས་འཚོ་ལེགས་བཅོས་བྱ་དགོས། རྒྱལ་སྤྱིའི་དངུལ་རྩ་དང་། ཉོ་ཚོང་། མཚོ་ཐོག་སྐྱེལ་འདྲེན་བཅས་ཞང་ཀང་གི་ལྟེ་གནས་གོ་བབ་སྲ་བརྟན་དང་ཇོ་མཐོར་གཏོང་བར་རོགས་སྐྱོར་བྱ་དགོས། ཨའོ་མོན་གྱིས་འཛམ་གླིང་གི་ཡུལ་སྐོར་སྤྲོ་གསེང་ལྟེ་གནས་འཛུགས་སྐྱོང་བྱེད་པར་རོགས་སྐྱོར་བྱ་དགོས། ཨའོ་མོན་གྱིས་འཛམ་གླིང་གི་ཡུལ་སྐོར་སྤྲོ་གསེང་ལྟེ་གནས་འཛུགས་སྐྱོང་བྱེད་པར་རོགས་སྐྱོར་དང་། དཔལ་འབྱོར་སྣེ་མང་གོང་སྤེལ་འཚམ་པོར་གཏོང་བར་སྐུལ་འདེད་བྱ་རྒྱུ་དང་། རྒྱལ་ཁབ་སྤྱི་ཡོངས་ནས་གོང་དུ་སྤེལ་བའི་འཐབ་ཇུས་ནང་ཞང་ཀང་དང་ཨའོ་མོན་གྱི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ནང་ས་ནས་ཞང་ཀང་དང་ཨའོ་མོན་བར་མཉམ་ལས་བྱེད་པའི་རྐྱེན་སྲོལ་དུ་འགྱུར་བའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་རྒྱུ་དང་། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་བར་ས་ཁོངས་མཉམ་ལས་ཟབ་ཏུ་གཏོང་བར་རོགས་སྐྱོར་བྱས་ནས་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱ་དགོས། ཀྲུང་ཧྭ་མི་རིགས་དར་རྒྱས་རླབས་ཆེན་ཡོང་བར་བྱེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་མེས་རྒྱལ་ནང་ཁུལ་གྱི་མི་དམངས་ཀྱིས་སྤུན་ཟླ་ཞང་ཀང་པ་དང་ཨའོ་མིན་པ་དག་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ་མེས་རྒྱལ་རླབས་པོ་ཆེའི་བརྗིད་ཉམས་དང་གཟི་བརྗིད་དཔལ་འབར་མཉམ་དུ་ལོངས་སྤྱོད་བྱ་རྒྱུ་ཡིན།
ང་ཚོས་གནས་བབ་གསར་པའི་འོག་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་གོང་དུ་སྤེལ་བ་དང་མེས་རྒྱལ་ཞི་བས་གཅིག་གྱུར་བྱེད་པའི་སྲིད་ཇུས་དང་བྱེད་ཕྱོགས་གནད་ཆེ་དང་སྲིད་ཇུས་ཁག་མཐའ་འཁྱོངས་བྱ་དགོས། མཚོ་འགག་ངོགས་གཉིས་བར་མུ་མཐུད་གྲོས་མོལ་བྱེད་པ་དང་། མཚོ་འགག་ངོགས་གཉིས་བར་དཔལ་འབྱོར་མཉམ་ལས་བྱེད་པའི་འཆར་གཞིའི་གྲོས་དན་དོན་འཁྱོལ་ཧུར་ཐག་བྱས་ནས་ཐོན་ལས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསར་དར་ཐོན་ལས་དང་དངུལ་རྩ་སོགས་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་མཉམ་ལས་གོང་འཕེལ་མགྱོ གས་སུ་གཏོང་དགོས། ཆ་རྐྱེན་འཛོམས་པའི་སྐམ་ས་ཆེན་པོའི་ཁེ་ལས་ཐའེ་ཝན་ལ་མ་དངུལ་འཇོག་པར་བསྐྱོད་པར་རོགས་སྐྱོར་བྱ་དགོས། ངོགས་གཉིས་པོ་སྤེལ་རེས་དང་མཉམ་ལས་བྱེད་སྐབས་མཚོ་འགག་ནུབ་ངོགས་དཔལ་འབྱོར་ཁུལ་གྱིས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པར་རོགས་སྐྱོར་བྱ་རྒྱུ་དང་། ་མཚོ་འགག་ངོགས་གཉིས་པོའི་སྤྱི་ཚོགས་ཀྱི་ལས་རིགས་ཁག་བར་སྤེལ་རེས་ཟབ་ཏུ་གཏོང་བ་དང་། མཚོ་འགག་ངོགས་གཉིས་བར་རིག་གནས་དང་སློབ་གསོ་མཉམ་ལས་ཧུར་ཐག་ངང་གོང་འཕེལ་གཏོང་བ། མཚོ་འགག་ངོགས་གཉིས་ཆབ་སྲིད་ཐོག་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བ་ཞི་བས་གོང་དུ་སྤེལ་བའི་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་བ། མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བ་ཞི་བས་གོང་དུ་སྤེལ་བའི་རྣམ་པ་བཟང་པོ་ལྷན་དུ་སྲུང་སྐྱོང་བྱ་དགོས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གིས་མུ་མཐུད་དེ་ཐུན་མོང་ཐོག་འབད་བརྩོན་ལྷོད་མེད་བྱས་ཕྱིན། མེས་རྒྱལ་ཞི་བས་གོང་བུ་གཅིག་གྱུར་བྱེད་པའི་བྱ་གཞག་ཆེན་པོ་མངོན་འགྱུར་ཡོང་ངེས་ཡིན་པར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།
  • ལེ་ཚན་སྔོན་མ།:སྲིད་གཞུང་གི་ལས་དོན་སྙན་ཞུ །8
  • ལེ་ཚན་རྗེས་མ།:ས་འགུལ་རྗེས་སུ་བསྐྱར་སྐྲུན་བྱས་པའི་ཁྱིམ་གཞིས་གསར་པ།
  • དོ་སྣང་ཆེ་བའི་རྩོམ།