ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་(3)

        2011-02-22


     མུ་མཐུད་ནས་རིམ་པ་ཁག་བརྡ་ཁྱབ་ཀྱི་འབྲེལ་བ་ལ་ཤུགས་སྣོན་རྒྱག་པ།སྲིད་གྲོས་ཀྱི་དྲིལ་བསྒྲགས་ནུས་ཚད་ཆེ་རུ་གཏོང་བ།མུ་མཐུད་ནས་སྲིད་གྲོས་ཀྱི་སྤྱི་ཚོགས་ཤུགས་རྐྱེན་རྒྱ་སྐྱེད།མུ་མཐུད་ནས་《དཀར་མཛེས་སྲིད་གྲོས》ཀྱི་རྩོམ་འགྲེམ་ལས་དོན་ལེགས་སྒྲུབ།ཧུར་ཐག་གིས་ཁུལ་སྲིད་གྲོས་ཀྱི་དྲ་ཚིགས་འཛུགས་རྒྱུ་བརྩོན་ལེན་བྱས་ནས།ཁུལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་གྲོས་འདོན་ཇུས་འགོད་བྱེད་པའི་སྟེགས་བུ་དང་།བརྗེ་སྤེལ་བྱེད་པའི་ལྡུམ་ར།དམངས་ཚུལ་ཡར་ཞུ་བྱེད་པའི་གནས་ཡུལ་གྱུར་དགོས།
     མུ་མཐུད་ནས་སྲིད་གྲོས་རིག་གནས་ལོ་རྒྱུས་ཀྱི་ལས་དོན་ལེགས་འཛིན།རིག་གནས་ལོ་རྒྱུས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཕུན་སུམ་ཚོགས་པ་འཛུགས་སྐྲུན་བྱེད་པའི་ནང་གི་གནའ་དཔྱད་དེང་ཤེས་དང་ལོ་རྒྱུས་ཉར་འཇོགསྲིད་དཔྱད།མཐུན་སྒྲིལ།མི་སྐྱོང་བའི་གལ་ཆེ་བའི་ཕན་ནུས་འདོན་སྤེལ་བྱེད་དགོས།རིག་གནས་ལོ་རྒྱུས་བསྡུ་ལེན་དང་རྩོམ་སྒྲིག་དཔེ་སྐྲུན་བྱེད་པའི་ལས་དོན་སྔ་ལས་ཤུགས་སྣོན་རྒྱག་པ།རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག་དེབ24དང་དེབ25ཡི་དཔེ་སྐྲུན་ལས་དོན་ལེགས་འགྲུབ།སྲིད་གྲོས་ཀྱི་ཨུ་ཡོན་དང་ལས་རིགས་ཁག་གི་མི་སྣ་རྣམས་ཀྱིས་ཧུར་ཐག་གིས་ནང་དུ་ཞུགས་པ་དང་།རྩོམ་ཡིག་བྲིས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཕུན་སུམ་ཚོགས་པ་འགྲོ་ཆེད་ལ་བློ་གྲོས་དང་ནུས་ཤུགས་ལེགས་སྐྱེས་སུ་འབུལ་བའི་རེ་བ་ཡོད།
     ལྔ།དུས་བསྟུན་མདུན་སྐྱོད་དང་།རྨང་གཞི་བརྟན་བཟུང་།མུ་མཐུད་ནས་སྲིད་གྲོས་ཀྱི་རང་ཉིད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ།
     སྲིད་གྲོས་སྲོལ་ཡིག་གི་ཆོད་དོན་ལྟར།ཀྲུང་དབྱང་དང་ཞིང་ཆེན།ཁུལ་ཨུའི་མི་དམངས་སྲིད་གྲོས་ཀྱི་ལས་དོན་སྔར་ལས་ཤུགས་སྣོན་རྒྱག་པའི་སྐོར་གྱི་བསམ་འཆར་སློབ་སྦྱོང་དང་དོན་འཁྱོལ་བྱེད་རྒྱུ་དེ་གོ་སྐབས་བྱས་ནས།མུ་མཐུད་ནས་རང་ཉིད་ཀྱི་འཛུགས་སྐྲུན་ཁག་སོ་སོ་ལ་ཤུགས་སྣོན་རྒྱག་དགོས།
     སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཛུགས་སྐྲུན་དམ་འཛིན་བྱེད་པ་ལ་ཤུགས་རྒྱག་པ།
     རིག་གཞུང་སློབ་སྦྱོང་དང་ལམ་ལུགས་གསར་སྐྲུན་ལ་ཤུགས་སྣོན་རྒྱག་པར་བརྒྱུད།གོམ་གང་མདུན་སྤོས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཆབ་སྲིད་ཀྱི་ལྟ་བ་དང་།ཁྱོན་ཡོངས་ཀྱི་འདུ་ཤེས།འགན་འཁྲིའི་འདུ་ཤེས།གསར་སྐྲུན་གྱི་ལྟ་བ་སོགས་ལ་ཤུགས་རྒྱག་ནས།དེའི་འགན་ནུས་སྒྲུབ་པའི་ནང་དུ་འགོ་ཁྲིད་ཀྱི་ཕན་ནུས་འདོན་སྤེལ་བྱས་ཏེ།མུ་མཐུད་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གྲོས་ཀྱི་ནུས་པ་དང་མཐུན་སྦྱོར་རྩ་འཛུགས་ཀྱི་ནུས་པ་མཐོར་འདེགས་བྱེད་དགོས།
     ཨུ་ཡོན་རུ་ཁག་གི་འཛུགས་སྐྲུན་དམ་འཛིན་ལ་ཤུགས་རྒྱག་པ།མུ་མཐུད་ནས་ཨུ་ཡོན་གསོ་སྦྱོང་དང་།ཤེས་བྱ་འཆད་འཁྲིད།ཤེས་བྱ་འགྲན་བསྡུར།བཞུགས་མོལ་ཚོགས་འདུ།གནས་བབ་སྙན་སེང་ཞུ་བའི་གྲོས་ཚོགས་འཚོགས་པར་བརྒྱུད།ནན་ཏན་གྱིས་ཨུ་ཡོན་ཡོངས་རྫོགས་ཀྱི་རིག་གཞུང་ལ་ཤུགས་སྣོན་རྒྱག་པ་དང་སྲིད་གྲོས་བྱེད་སྒོའི་ཤེས་བྱ་སློབ་སྦྱོང་བྱེད་རྒྱུ་རྩ་འཛུགས་དང་ཁྲིད་སྟོན་བྱེད་པ།མུ་མཐུད་ནས་སྲིད་ཞུགས་སྲིད་གྲོས་ཀྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱེད་དགོས།ཨུ་ཡོན་བྱེད་སྒོའི་རྩ་འཛུགས་དང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་།སྲིད་གྲོས་ཨུ་ཡོན་གྱིས་རང་གི་ལས་རིགས་ཀྱི་ཁྱད་ཆོས་དང་ཨུ་ཡོན་གྱི་ཁྱད་ཆོས་ལ་གཞིགས་ནས་གཟིགས་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གི་བྱེད་སྒོ་སྤེལ་རྒྱུ་ཁྲིད་སྟོན་བྱེད་པ།མུ་མཐུད་ནས་ཨུ་ཡོན་གྱི་ནང་དུ་ཨུ་ཡོན་གྱིས་གྲོས་གཞི་གཅིག་སྤྲད་དང་།སྤྱི་ཚུལ་དམངས་འདོད་གཅིག་ཡར་ཞུ།བརྟག་དཔྱད་གཟིགས་ཞིབ་ཐེངས་གཅིགམི་དམངས་མང་ཚོགས་ལ་བྱ་བ་བཟང་པོ་གཅིག་བཅས་སྒྲུབ་དགོས་པའི་གཅིག་ཅན་བཞིའི་བྱེད་སྒོ་སྤེལ་དགོས།མུ་མཐུད་ནས་སྲིད་ཞུགས་སྲིད་གྲོས་ཀྱི་ཐབས་ལམ་རྒྱ་བསྐྱེད་གཏོང་བ།རང་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་།ཆབ་སྲིད་འཛུགས་སྐྲུན།རིག་གནས་འཛུགས་སྐྲུན།སྤྱི་ཚོགས་འཛུགས་སྐྲུན་སྐུལ་འདེད་གཏོང་ཆེད་ལ་ཇུས་འདོན་ཤུགས་འདོན་བྱེད་དགོས།ཏན་ཏིག་གིས་སྔོན་སྐྲུན་ལེགས་བརྩོན་སྤེལ་བ།ཕུལ་བྱུང་གི་གྲོས་གཞི་དང་ཕུལ་བྱུང་གི་སྲིད་གྲོས་ཨུ་ཡོན་གདམ་པ་དང་གཟེངས་བསྟོད་བྱེད་པའི་དཔྱད་བསྡུར་ནང་རྐྱེན་འཐུས་ཚང་གཏོང་བ།ཧུར་ཐག་གིས་ཨུ་ཡོན་གྱི་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་རང་མོས་ཅན་དང་ཧུར་ཐག་ཅན་སྐུལ་སྤེལ་གཏོང་དགོས།
     སྲིད་གྲོས་ལས་ཁུངས་ཀྱི་འཛུགས་སྐྲུན་ལ་ཤུགས་རྒྱག་པ།ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ལས་འགན་གསར་པ་དང་།རེ་བ་གསར་པ་དང་མཐུན་དགོས་པ་དང་།ཕྱོགས་ཡོངས་ནས《ཀྲུང་གུང་དཀར་མཛེས་ཁུལ་ཨུས་དུས་རབས་གསར་པ་དུས་སྐབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལས་དོན་སྔ་ལས་ཤུགས་སྣོན་རྒྱག་པའི་ལག་བསྟར་བསམ་འཆར》དོན་འཁྱོལ་བྱས་ནས།སྲིད་གྲོས་ཀྱི་རང་ཉིད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་ཅིང་།མུ་མཐུད་ནས་ལས་སྒྲུབ་ཀྱི་ཆུ་ཚད་མཐོར་འདེགས།མུ་མཐུད་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས།ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཕན་ནུས་ཀྱི་ལམ་ལུགས་ནང་རྐྱེན་འཛུགས་པ་དང་འཐུས་ཚང་གཏོང་བ།ཧུར་ཐག་གིས་ལས་ཁུངས་ཀྱི་བསམ་བློ་དང་རྩ་འཛུགས།ལམ་ལུགས།ཀུན་སྤྱོད་འཛུགས་སྐྲུན་སྤེལ་བ་དང་།མུ་མཐུད་ནས་ཁྱོན་ཡོངས་ཀྱི་ལྟ་བ་དང་ཞབས་ཞུའི་ལྟ་བ་མཐོར་འདེགས།སྲིད་དོན་ཅན་གྱི་ཞབས་ཞུའི་ནུས་པ་དང་གཅིག་གྱུར་མཐུན་སྦྱོར་ཀྱི་ནུས་པ་ཤུགས་ཆེ་རུ་གཏོང་བ།སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པ་དང་།བདེ་ཐང་ངང་ལས་དོན་སྒྲུབ་རྒྱུ་ལ་ནུས་ཡོད་ཀྱིས་འགན་ལེན་སྤྲོད་དགོས།《མཉམ་ལས་འབྲེལ་མཐུན་གྱི་ཚོད་ལྟའི་བྱེད་ཐབས》དོན་འཁྱོལ་གཏིང་ཟབ་དང་།གཞི་རིམ་སྲིད་གྲོས་ལས་དོན་གྱི་འབྲེལ་བ་དང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ།རྒྱུན་རིམ་ཅན་གྱི་གནས་ཚུལ་སྤེལ་རེས་ཀྱི་ནང་རྐྱེན་དང་།འབྲེལ་བ་མཐུན་སྦྱོར་གྱི་ནང་རྐྱེན།གྲུབ་འབྲས་བསྒྱུར་བཅོས་ཀྱི་ནང་རྐྱེན་སོགས་འཛུགས་དགོས།
     ཨུ་ཡོན་རྣམ་པ་དང་བློ་མཐུན་རྣམ་པ་ཚོ།གཟི་བརྗིད་ལྡན་པའི་འགན་ནུས་ཀྱི་མི་ལ་སྐུལ་མ་ཐེབས།ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་་མཛད་པའི་ཀྲུང་གུང་ཀྲུང་དབྱང་དང་མཐའ་བསྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས།ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཡང་དག་པའི་འགོ་ཁྲིད་འོགཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ།ཏང་གི་ཚོགས་ཆེན་བཅུ་བདུན་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་དོན་འཁྱོལ་ནན་ཏན་བྱེད་ཅིང་།ཞིང་ཆེན་ཏང་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་།ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྤྱི་ཁོག་གི་བཀོད་སྒྲིག་ལྟར།མི་བརྒྱ་སེམས་གཅིག་དང་།མང་པོ་བློ་མཐུན་མཁར་བཞིན་བརྟན་པོ་ཆགས།དཀའ་བརྒལ་དངོས་སྒྲུབ།མི་དམངས་ཀྱི་དོན་དུ་འགན་ནུས་སྒྲུབ་ནས།རང་ཁུལ་མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།།
     (ཁུལ་སྲིད་གྲོས་ཀྱིས་བསྒྱུར།)
 
  • ལེ་ཚན་སྔོན་མ།:ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་
  • ལེ་ཚན་རྗེས་མ།: སྲིད་གཞུང་གི་ལས་དོན་སྙན་ཞུ།1
  • དོ་སྣང་ཆེ་བའི་རྩོམ།