ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་(2)

        2011-02-22


     སྲིད་དོན་གྱི་ལས་འགན་གཙོ་བོ་ནི་དམངས་ཕན་ཡིན་པ།བཅོས་སྐྱོང་གི་གནས་ལུགས་ནི་དམངས་བདེ་ཡིན།དུས་ཀུན་ཏུ་དམངས་འཚོ་ལ་དོ་སྣང་དང་།ངལ་རྩོལ་ལས་ཞུགས་དང་།སྤྱི་ཚོགས་འགན་ལེན།སྨན་བཅོས་འཕྲོད་བསྟེན།རིག་གནས་སློབ་གསོ།མི་རིགས་ཆོས་ལུགས་སོགས་བྲེལ་གནས་དང་དཀའ་གནད་ཀྱི་གནད་དོན་དམ་འཛིན་བྱས་ནས་ཐབས་འདོན་ཇུས་འབུལ་འདོན་པ།ཏང་ཨུ་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་མང་ཚོགས་རང་ཉིད་ཀྱི་ཁེ་ཕན་སྐོར་གྱི་གནད་དོན་ཐག་གཅོད་བྱེད་པ།བརྡ་འཕྲིན་གྱི་འབྱུང་ཁུངས་རྒྱ་སྐྱེད་དང་།བརྡ་འཕྲིན་གྱི་འབྲེལ་ལམ་བདེ་བླག་བྱས་ནས།དུས་ཐོག་ཏུ་སྤྱི་ཚུལ་དམངས་འདོད་ཡར་ཞུ།བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན།འབྲེལ་བ་མཐུན་སྦྱོར་དང་།འགལ་བ་འདུམ་འགྲིགབསམ་ཚུལ་མཐུན་སྦྱོར་གྱི་ལས་དོན་ལེགས་སྒྲུབ།ཧུར་ཐག་གིས་བཅོས་བསྒྱུར་འཕེལ་རྒྱས་བདེ་འཇགས་ཀྱི་ཁྱོན་ཡོངས་སྲུང་སྐྱོང་།ལོ་ལྔའི་འཆར་གཞི་བཅུ་གཉིས་པ་བདེ་བླག་ངང་ལག་ལེན་བསྟར་བ་ལ་བདེ་འཇགས་རིམ་ལྡན་གྱི་ཆབ་སྲིད་ཁོར་ཡུག་སྐྲུན་དགོས།
     ནན་ཏན་གྱིས་དམངས་འཆར་དམངས་འཚོའི་གཟིགས་ཞིབ་བྱེད་སྒོ་སྤེལ་བ།གནས་ཡུལ་དུ་གཟིགས་ཞིབ་དང་།སྙན་སེང་ཉན་པ།གནད་དོན་གྲོས་མོལ།གྲོས་གཞི་འདོན་པ་ཟུང་འབྲེལ་བྱས་ཏེ།ཧུར་ཐག་གིས་གཟིགས་ཞིབ་བྱེད་སྒོའི་ཕན་ནུས་དངོས་སུ་མཐོར་འདེགས།གཏན་འཁེལ་གཙང་ལེན་རོགས་རམ་གྱི་ལས་དོན་ཏན་ཏིག་སྒྲུབ་པ་དང་།འབྲོག་མིའི་གཞིས་ཆགས་འཛུགས་རོགས་ཀྱི་བྱེད་སྒོ་སྤེལ་བ།གྲོང་ཁྱེར་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་དང་སྟོབས་ཞན་ཚོགས་པའི་ཐོན་སྐྱེད་འཚོ་བ་ལ་དེ་བས་དོ་སྣང་བྱེད་པ།ཁོ་ཚོའི་རེ་བ་དང་དཀའ་ངལ་ཇི་བཞིན་དྲང་པོ་ཞུ་བ།སྤྱི་ཚོགས་ཀྱི་ནུས་ཤུགས་སྐུལ་སློང་སྤེལ་ནས།ཧུར་ཐག་གིས་དབུལ་རོགས་དཀའ་སྐྱོར་དང་དྲོད་སྐྱེལ་ཞིང་གཅེས་སེམས་འབུལ་བའི་བྱེད་སྒོ་སྤེལ་བ།དུས་རྒྱུན་དུ་གཞི་རིམ་དུ་ཟབ་ཞུགས།མང་ཚོགས་ཀྱི་དཀའ་སྡུག་ལ་ཐུགས་ཁུར།མང་ཚོགས་ཀྱི་རེ་སྨོན་དང་རེ་བ་ཤེས་ནས།མང་ཚོགས་ཀྱི་བསམ་འཆར་ཐབས་དོན་ཇུས་འབུལ་སོགས་ཡར་ཞུ་བྱེད་པ།གནས་ཚུལ་ཡོད་པ་དང་།དབྱེ་ཞིབ་ཡོད་པ།གནད་འཁེལ་ཡོད་པའི་དམངས་ཚུལ་མྱུར་ཞུ་འདོན་ནས།ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་ཚན་རིག་གིས་ཇུས་འགོད་བྱེད་པའི་ཁུངས་ལུང་དང་དཔྱད་གཞི་འདོན་པ།
     བཞི།ཁྱད་ཆོས་གཙོ་འབུད་དང་།དགེ་མཚན་འདོན་སྤེལ།མཐུན་སྦྱོར་གྱི་དཀར་མཛེས་འཛུགས་སྐྲུན་བྱེད་ཆེད་ལ་མི་སེམས་དང་ནུས་ཤུགས་འདུས་དགོས།
     མི་དམངས་སྲིད་གྲོས་ཀྱི་ཚབ་བྱེད་པའི་རང་བཞིན་དྲག་པོ་དང་།འབྲེལ་བ་བྱེད་པའི་རྒྱ་ཁྱབ་པ།ཁོང་ཚད་ཀྱི་རང་བཞིན་ཆེ་བའི་དགེ་མཚན་འདོན་སྤེལ།ཏང་ཨུ་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་ཁྲག་རྒྱུག་འགག་བཤང་དང་རྩ་ལམ་བསང་བའི་ལས་དོན་སྒྲུབ་རོགས་བྱེད་པ།ཧུར་ཐག་གིས་ཁེ་ཕན་མི་འདྲ་བའི་མང་ཚོགས་མཐུན་སྦྱོར་མཉམ་གནས་སྐུལ་འདེད་དང་།སྤྱི་ཚོགས་མཐུན་སྦྱོར་བདེ་འཇགས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས།
     མུ་མཐུད་ནས་ཨུ་ཡོན་འཚམས་འདྲི་དང་འབྲེལ་བ་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ།མུ་མཐུད་ནས་ཨུ་ཡོན་གྱི་བྱེད་སྒོ་རྣམ་པ་དང་ནང་དོན་ལེགས་བཅོས་དང་འཐུས་ཚང་གཏོང་བ།ཁོ་ཚོའི་ཧུར་ཐག་གི་རང་བཞིན་སྐུལ་སྤེལ་བཏང་ནས།སྲིད་ཞུགས་སྲིད་གྲོས་ཀྱི་ཐབས་ལམ་རྒྱ་སྐྱེད།དུས་མཚུངས་སུ་ཧུར་ཐག་གིས་ཨུ་ཡོན་དང་རང་གི་ཚབ་བྱས་པའི་ཚོགས་པ་དང་ཚོགས་ཁགམང་ཚོགས་ཀྱི་འབྲེལ་བ་དང་འབྲེལ་མཐུད་སྐུལ་འདེད་གཏོང་བ།དུས་ཐོག་ཏུ་ཁོ་ཚོའི་འདོད་མོས་དང་རེ་བ་ཡར་ཞུ་བྱེད་པ།
     ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་ཀྱི་དེང་སྐབས་ཀྱི་རྣམ་པ་འཚོལ་ཞིབ་བྱེད་པ།
     ལས་རིགས་ཁག་སོ་སོའི་མང་ཚོགས་རིམ་པ་ལྡན་པའི་ངང་ནས་ཆབ་སྲིད་འཚོ་བ་ནང་དུ་ཞུགས་པའི་ཐབས་ལམ་རྒྱ་སྐྱེད།
     སྲིད་གྲོས་ཨུ་ཡོན་གྱི་གནས་ཚུལ་ཤེས་པའི་གནད་འགག་ཐུག་ས་དང་།འབྲེལ་མཐུན་བྱེད་པའི་གནད་འགག་ཐུག་ས།ཕྱིར་འདྲེན་བྱེད་པའི་གནད་འགག་ཐུག་སའི་ཐད་ལ་ལམ་ལུགས་གསར་སྐྲུན་ཤུགས་སྣོན་རྒྱག་ནས།སྲིད་གྲོས་ཀྱི་དམངས་གཙོ་གྲོས་མོལ་གྱིས་རྒྱ་ཁྱབ་ཀྱིས་སྤྱི་ཚོགས་ལས་རིགས་ཁག་སོ་སོའི་བསམ་འཆར་དང་རེ་བ་ཤོང་བ་དང་ཡར་ཞུ་བྱེད་ཐུབ་དགོས།
     དྲིལ་བསྒྲགས་ལས་དོན་སྔར་ལས་ཤུགས་སྣོན་རྒྱག་དགོས།
  • ལེ་ཚན་སྔོན་མ།:ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་
  • ལེ་ཚན་རྗེས་མ།: སྲིད་གཞུང་གི་ལས་དོན་སྙན་ཞུ།1
  • དོ་སྣང་ཆེ་བའི་རྩོམ།