ཀྲུང་དབྱང་བརྙན་འཕྲིན་ཁང་གི‘གཅིག་སེམས་གཅིག་ལ་སྦྲེལ་བའི”སྒྱུ་རྩལ་ཚོགས་པས་ཡུས་ཧྲུའུ་སྐྱེ་རྒུ་གྲོང་རྡལ་ནས་རིག་རྩལ་འཁྲབ་སྟོན་བྱས་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2013-08-26

ཀྲུང་དབྱང་བརྙན་འཕྲིན་ཁང་གི‘གཅིག་སེམས་གཅིག་ལ་སྦྲེལ་བའི”སྒྱུ་རྩལ་ཚོགས་པས་ཡུས་ཧྲུའུ་སྐྱེ་རྒུ་གྲོང་རྡལ་ན
ཀྲུང་དབྱང་བརྙན་འཕྲིན་ཁང་གི‘གཅིག་སེམས་གཅིག་ལ་སྤྲེལ་བའི”སྒྱུ་རྩལ་ཚོགས་པས་ཡུལ་ཤུལ་སྐྱེ་རྒུ་གྲོང་རྡལ་གེ་སར་ཐང་ཆེན་ནས་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ།

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཚེས24ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་བརྙན་འཕྲིན་ཁང་གི“གཅིག་སེམས་གཅིག་ལ་སྤྲེལ་བའི”སྒྱུ་རྩལ་ཚོགས་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྩེ་སེམས་ལ་ཁྱེར་ཏེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྐྱེ་རྒུ་གྲོང་རྡལ་གེ་སར་ཐང་ཆེན་ནས་ཁུལ་ཡོངས་ཀྱི་ལས་རིགས་སོ་སོའི་མང་ཚོགས5000ལྷག་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་ཞུགས་པའི་རོགས་སྐྲུན་ལས་ཁུངས་ཀྱི་འཐུས་མི་བཅས་ལ་རིག་རྩལ་གྱ་ནོན་པ་ཞིག་འཁྲབ་སྟོན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏིས་མཱ་ཅ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚའོ་ཧུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོ་ཡུས་ཀྲི་བཅས་ཀྱིས་འཁྲབ་སྟོན་ལ་བལྟས་པ་མ་ཟད། འཁྲབ་སྟོན་མི་སྣར་འཚམས་འདྲི་བྱས།

    ཐེངས་འདིར“གཅིག་སེམས་གཅིག་སྦྲེལ”སྒྱུ་རྩལ་ཚོགས་པ་ཡུས་ཧྲུའུ་དུ་འཚམས་འདྲིའི་འཁྲབ་སྟོན་བྱེད་དུ་ཡོང་བ་དེ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་མཇུག་བསྡུ་སྐབས་ལ་འཁེལ་བ་དང་། ད་ལྟ་སྤྱི་ཚོགས་རིང་ལུགས་ཀྱི་ཡུས་ཤུལ་གསར་བའི་སྣང་བརྙན་ཕལ་ཆེར་གྲུབ་ཡོད་ལ། ཟླ་དགུ་བའི་ཟླ་མཇུག་གི་སྔོན་དུ། ཡུས་ཧྲུའུ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་ཕྱོགས་ཡོངས་ནས་མཇུག་རྫོགས་རྒྱུ་རེད། ཀྲུང་དབྱང་བརྙན་འཕྲིན་ཁང་གི“གཅིག་སེམས་གཅིག་ལ་སྤྲེལ་བའི”སྒྱུ་རྩལ་འཚམས་འདྲི་ཚོགས་པའི་འཁྲབ་སྟོན་མི་སྣ་ཡོངས་དང་ས་འགུལ་གྱི་གནོད་འཚེ་ལས་རྣམ་པར་རྒྱལ་བའི་ཡུས་ཧྲུའུ་ཁུལ་གྱི་ལས་རིགས་སོ་སོའི་མང་ཚོགས་དང་མཛེས་སྡུག་གི་ཡུས་ཧྲུའུ་གསར་བ་འཛུགས་སྐྲུན་བྱེད་པའི་རོགས་སྐྲུན་པ་རྣམས་དགའ་སྤྲོའི་ངང་ཡུས་ཧྲུའུ་གྱི་འཚོ་བ་གསར་བའི་བསྟོད་གླུ་བླངས།

    རིག་རྩལ་འཁྲབ་སྟོན་དོན་ཚན་བཞི་རུ་བགོས་ཡོད་ལ།  སོ་སོ《ཁྱིམ་གཞི་བསྐྱར་སྐྲུན》དང《མི་རིགས་ཡུལ་སྲོལ》《སྨོན་འདུན་ཞུ་བ》《ཕུགས་སེམས་མངོན་འགྱུར》བཅས་ཡིན།  ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལེ་ཚན་འགོ་འཛིན་པ་ཀྲུའོ་ཅོན་དང་ཏོན་ཆུན།  ཀྲང་ཙེ་ཆོན།  ཡུས་ཧྲུའུ་ཁུལ་བརྙན་འཕྲིན་ཁང་གི་ལེ་ཚན་འགོ་འཛིན་པ་ཚེ་རིང་དཔལ་མོ་བཅས་ཀྱིས་རིག་རྩལ་འཁྲབ་སྟོན་ལ་འགོ་འཛིན་བྱས། 


 

  • ལེ་ཚན་སྔོན་མ།:ཡུས་ཧྲུའུ་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་དང་བླངས་མཁན་རྣམས་ཀྱིས་འགྲིམ་འགྲུལ་བདེ་འཇགས་ཤེས་བྱའི་བྱ་འ
  • ལེ་ཚན་རྗེས་མ།:སྐྱེ་དགུ་མདོའི་བསྐྱར་འཛུགས་ལེགས་འགྲུབ་བྱུང་བའི་མཛད་སྒོ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།