སྐྱེ་དགུ་མདོའི་བསྐྱར་འཛུགས་ལེགས་འགྲུབ་བྱུང་བའི་མཛད་སྒོ་བསྡུས་པ།

སྦྱིན་པ།        2013-11-04

སྐྱེ་དགུ་མདོའི་བསྐྱར་འཛུགས་ལེགས་འགྲུབ་བྱུང་བའི་མཛད་སྒོ་བསྡུས་པ།
ཟླ11པའི་ཚེས3ཉིན་གྱི་ཞོགས་པར། བོད་ཁམས་སྟོད་ཡུལ་ཤུལ་ཁུལ་སྐྱེ་དགུ་མདོའི་རྟ་རྒྱུག་ཐང་ཆེན་དུ། ཡུལ་ཤུལ་ཁུལ་སྐྱེ་དགུ་མདོའི་རིགས་སོ་སོའི་མང་ཚོགས་ཡོངས་ཀྱིས་གནོད་ཤུལ་བསྐྱར་འཛུགས་ལེགས་འགྲུབ་བྱུང་བའི་དགའ་སྟོན་ཚོགས་ཆེན་ཞེས་པའི་བྱེད་སྒོ་ཞིག་སྤེལ།

        མཛད་སྒོ་དེའི་ཐོག་ཏུ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་གཙོ་འཛིན་འགོ་ཁྲིད་རྣམ་པ་དང་། ཁུལ་དང་རྫོང་རིམ་པ་ཁག་གི་སློབ་གྲྭ་སྟེ། ཡུལ་ཤུལ་རྫོང་སློབ་ཆུང་དང་པོ་དང་། ཡུལ་ཤུལ་རྫོང་སློབ་ཆུང་གཉིས་པ། ཡུལ་ཤུལ་རྫོང་ཆ་ཚང་སློབ་ཆུང་གསུམ་པ། ཡུལ་ཤུལ་རྫོང་སློབ་ཆུང་བཞི་བ། ཡུལ་ཤུལ་ཁུལ་དར་དམར་སློབ་ཆུང་བཅས་དང་། ཡུལ་ཤུལ་རྫོང་མི་རིགས་སློབ་འབྲིང་དང་པོ་དང་། ཡུལ་ཤུལ་རྫོང་མི་རིགས་སློབ་འབྲིང་གཉིས་པ། ཡུལ་ཤུལ་རྫོང་མི་རིགས་སློབ་འབྲིང་གསུམ་པ། ཡུལ་ཤུལ་ཁུལ་མི་རིགས་སློབ་འབྲིང་དང་པོ་བཅས་དང་། ཡུལ་ཤུལ་ཁུལ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭ་དང་། ཡུལ་ཤུལ་ཁུལ་མི་རིགས་མཐོ་འབྲིང་གཉིས་པ། ཡུལ་ཤུལ་ཁུལ་མི་རིགས་མཐོ་འབྲིང་དང་པོ་བཅས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ དགེ་སློབ་རྣམ་པ་དང་། ལས་ཁུངས་ཚན་པ་ཁག་གི་འགོ་ཁྲིད་དང་ལས་མི་རྣམས་མཉམ་ཞུགས་བྱས།

སྐྱེ་དགུ་མདོའི་བསྐྱར་འཛུགས་ལེགས་འགྲུབ་བྱུང་བའི་མཛད་སྒོ་བསྡུས་པ།
གླུ་གར་གྱི་ཕ་ས་རུ་གྲགས་པའི་བོད་ཁམས་སྟོད་ཡུལ་གྱི་ཁྱད་ཆོས་ལྡན་པའི་སྐོར་བྲོ་འཁྲབ་བཞིན་པའི་རྣམ་པ།

       རིམ་པ་ཁག་གི་འགོ་ཁྲིད་དང་ས་གནས་ཀྱི་འཐུས་ཚབ་བྱེད་མཁན་གྱི་མི་སྣ་རྣམས་ཀྱིས་ཡུལ་ཤུལ་བསྐྱར་འཛུགས་སྐོར་གྱི་གཏམ་བཤད་སྐབས་སུ། ས་གནས་དང་ཁ་བ་བོད་པའི་ཁྱད་ཆོས་ལྡན་པའི་གླུ་གར་ཞབས་བྲོ་སྟེ། དམངས་ཁྲོད་ཀྱི་ཞབས་བྲོ། རས་པ་དང་།  དམངས་ཁྲོད་ཀྱི་ཞབས་བྲོ། མེས་རྒྱལ་ལ་བཀྲ་ཤིས་ཀྱི་སྨོན་འདུན་ཞུ་ཞེས་པ་དང་། གླུ་དབྱངས། ཡུལ་ཤུལ་དེ་རྒྱང་རིང་ངམ་ཞེས་པ་དང་། དམངས་ཁྲོད་ཀྱི་ཞབས་བྲོ། གོ་བ་ཞེས་པ་དང་། གླུ་དབྱངས། སེམས་འགུལ་ཞེས་པ་དང་། གླུ་དབྱངས། མཚོན་མདོག་རྣམ་པར་བཀྲ་བའི་གཙང་གསུམ་འབྱུང་ཡུལ། ལོ་ཆུང་གཞོན་ནུ་སྟོང་ཚོ་མང་པོས་མཉམ་དུ་འཁྲབ་པའི་ཞབས་བྲོ། ཉི་མར་ཕྱོགས་པ། རྟ་རྒྱུག བདེ་སྐྱིད་ཀྱི་ཞིང་དུ་བསྐྱོད་པ། མི་མང་ཁྲི་ཡིས་མཉམ་དུ་འཁྲབ་པའི་ཞབས་བྲོ། བཀྲ་ཤིས་པའི་ཡུལ་ཤུལ་ཞེས་པ་བཅས་ཁུལ་མི་རིགས་གླུ་གར་ཚོགས་པ་དང་། ཁུལ་སྲོལ་རྒྱུན་གླུ་གར་ཚོགས་པ་དང་། ཡུལ་ཤུལ་རྫོང་སློབ་ཆུང་སོ་སོ་དང་། ཁུལ་མི་རིགས་མཐོ་འབྲིང་གཉིས་པ་དང་། ཁུལ་མི་རིགས་སློབ་འབྲིང་། ཁུལ་འདིའི་མངའ་འོག་གི་རྫོང་ཁག་དྲུག་སྟེ། ནང་ཆེན་རྫོང་དང་། ཡུལ་ཤུལ་རྫོང་དང་། རྫ་སྟོད་རྫོང་དང་། འབྲི་སྟོད་རྫོང་དང་། ཆུ་དམར་ལེབ་རྫོང་དང་། ཁྲི་འདུ་རྫོས་བཅས་ཀྱི་འཐུས་མི་རིག་རྩལ་བ་གར་པ་དང་གར་མ་རྣམས་ཀྱིས་ཚོགས་ཞུགས་ལྟད་མོ་བ་རྣམས་ཀྱི་ཡིད་དབང་དབང་མེད་དུ་འཕྲོག་ནུས་པའི། མི་རིགས་ཀྱི་ཁྱད་ཆོས་མངའ་བའི་གླུ་གར་ཞབས་བྲོ་འཁྲབ་སྟེ་མཇུག་ལེགས་པར་བསྡུས་སོ། །

  • ལེ་ཚན་སྔོན་མ།:ཀྲུང་དབྱང་བརྙན་འཕྲིན་ཁང་གི‘གཅིག་སེམས་གཅིག་ལ་སྦྲེལ་བའི”སྒྱུ་རྩལ་ཚོགས་པས་ཡུས་ཧྲུའུ་སྐྱེ་རྒུ་གྲོང་རྡལ་ན
  • ལེ་ཚན་རྗེས་མ།:ཡུལ་ཤུལ་གྲོང་ཁྱེར་གྱི་སྒོ་བྱང་དངོས་སུ་བཀལ་བ།
  • དོ་སྣང་ཆེ་བའི་རྩོམ།