ཡུས་ཧྲུའུ་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་དང་བླངས་མཁན་རྣམས་ཀྱིས་འགྲིམ་འགྲུལ་བདེ་འཇགས་ཤེས་བྱའི་བྱ་འགུལ་སྤེལ་བ།

བདེ་སྐྱིད་འཚོ།    མཚོ་སྔོན་གསར་འགྱུར་དྲ་བ།    2013-08-21

ཉེ་ལམ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་སློབ་འབྲིང་གི་འགྲིམ་འགྲུལ་མཐུན་སྦྱོར་དོ་དམ་དང་བླངས་མཁན་སྐོར་ཞིག་རྩ་འཛུགས་བྱས་ནས། མི་མང་ཞིང་། རླངས་འཁོར་མང་བོའི་སྐྱེ་རྒུ་སྲང་ལམ་གྱི་བཞི་མདོ་དང་། ཆུང་ལུང་ལམ་མདོ་སོགས་ནས་རླངས་འཁོར་ཆེན་མོ་དང་མི་སོགས་གློག་དམར་པོ་ཤར་ནས་བསྐྱོད་མི་ཆོག་ས་ནས་ཤར་རྒྱུགས་བྱེད་པ་དང་། མི་ཕར་འགྲོ་ཚུར་འོང་བྱེད་པ་སོགས་ཀྱི་སྤྱོད་ལམ་ངན་པ་བཅོས་སྒྱུར་བྱས་ནས་འགྲིམ་འགྲུལ་གྱི་ཆག་སྒོ་མི་འབྱུང་བར་བྱེད་པའི་ཤེས་བྱ་ཁྲིད་པ་དང་། སློབ་མ་རྣམས་ཀྱིས་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་དང་། འགྲིམ་འགྲུལ་གྱི་སྒྲིག་ལམ་བརྩི་སྲུང་ནན་མོ་བྱས་ནས་རང་གི་བདེ་འཇགས་ལ་མཉམ་འཇོག་དགོས་པའི་སློབ་གསོ་བཏང་ནས་ཕན་འབྲས་ཅུང་བཟང་བོ་བླངས་བས། ས་དེའི་གོང་རིམ་མགོ་ཁྲིད་དང་མང་ཚོགས་ཀྱིས་གཟེངས་བསྟོད་ཐོབ།

  • ལེ་ཚན་སྔོན་མ།:ཡུལ་ཤུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་རོགས་སྐྲུན་བྱེད་བཞིན་པའི་ལས་ཁུངས་གསུམ་གྱིས་བདུན་གཅིག་བ
  • ལེ་ཚན་རྗེས་མ།:ཀྲུང་དབྱང་བརྙན་འཕྲིན་ཁང་གི‘གཅིག་སེམས་གཅིག་ལ་སྦྲེལ་བའི”སྒྱུ་རྩལ་ཚོགས་པས་ཡུས་ཧྲུའུ་སྐྱེ་རྒུ་གྲོང་རྡལ་ན
  • དོ་སྣང་ཆེ་བའི་རྩོམ།