མཚོ་སྔོན་གསར་འགྱུར་དྲ་བ། 2013-07-03
ཏང་དབུ་བརྙེས་ནས་ལོ་འཁོར་གོ་གཉིས་ལོན་པར་རྟེན་འབྲེལ་ཞུ་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཡུལ་ཤུལ་བསྐྱར་འཛུགས་བྱེད་པའི་སྤྲོ་སེམས་བསྐྱེད་ཆེད། ཟླ་བདུན་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར། ཡུལ་ཤུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་ཞུགས་པའི་ཀྲུང་གོ་ཨར་ལས་འཛུགས་སྐྲུན་དང་། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་བཟོ་སྐྲུན་སོགས་རོགས་སྐྲུན་ལས་ཁུངས་གསུམ་གྱིས་ཏང་ནང་དུ་ཞུགས་པའི་དམ་བཅའ་འཇོག་པ་དང་བཞུགས་མོལ་ཚོགས་འདུ་བསྡུས་པ་སོགས་ཀྱི་བྱ་འགུལ་སྤེལ་ནས་བདུན་གཅིག་ལ་བསུས།
ལོ་གསུམ་རིང་གི་བསྐྱར་འཛུགས་བྱ་བའི་ཁྲོད་དུ། རོགས་སྐྲུན་ལས་ཁུངས་དེ་དག་གི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་སྐྱོང་བ་དང་། ཆེ་ཕྱོགས་ལ་དམིགས་པ། རོགས་ལས་བྱེད་པ་དང་། མཐུན་སྒྲིལ་སྤེལ་བ་སོགས་ཀྱི་བྱ་བར་རྒྱུན་འཁྱོངས་བྱས་ནས། རོགས་སྐྲུན་བྱ་བའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་བ་དང་། རྒྱ་ཆེའི་རོགས་སྐྲུན་བྱ་བ་བསྒྲུབ་མཁན་གྱིས་མཐོ་སྒང་གི་དབྱང་དབུགས་དཀོན་པ་དང་། ཁོར་ཡུག་ཞན་པ། དཀའ་ཁག་མང་པོ་ཁྱད་དུ་བསད་དེ། གནོད་འཚེ་ས་ཁུལ་གྱི་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་དང་། མཉམ་དུ་འབད་འཐབ་བྱས་ནས། ཡུལ་ཤུལ་གྱི་ཁྱིམ་གཞི་བསྐྱར་འཛུགས་བྱ་བའི་ཐད་ལ་བྱས་རྗེས་རབ་དང་རིམ་པ་བཞག་པ་མ་ཟད། བསྐྱར་འཛུགས་བྱ་བའི་ཁྲོད་དུ་བྱས་རྗེས་འགྲན་པ་དང་། ཞབས་ཕྱི་བསྒྲུབ་པའི་བྱ་བའི་ཁྲོད་དུ་སྔོན་ཐོན་གཞི་རིམ་གྱི་ཏང་རྩ་འཛུགས་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན། ཕུལ་བྱུང་ཏང་སྲིད་བྱ་བ་བསྒྲུབ་མཁན་མི་ཉུང་བ་ཞིག་བྱུང་།
བྱ་འགུལ་ཁྲོད་དུ་རོགས་སྐྲུན་ལས་ཁུངས་སོ་སོའི་ཏང་ཡོན་རྣམས་ཀྱིས་ལང་ལོང་སྒོས་གཏམ་བཤད་དེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཡུལ་ཤུལ་གྱི་རོགས་སྐྲུན་བྱ་བའི་ཁྲོད་དུ་ཞུགས་ནས། བསྐྱར་འཛུགས་བྱ་བའི་མཇུག་མཐའི་རོགས་སྐྲུན་བཟོ་སྐྲུན་འཛུགས་སྐྲུན་བཟང་བོ་བྱས་ནས། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་གཏན་ལ་ཕབ་པའི་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་དམིགས་འབེན་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས་ནས། ཏང་དང་མི་དམངས་ཡིད་འཚིམ་དུ་འཇུག་རྒྱུ་ཡིན་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10