ཡུས་ཧྲུའུ་ཡི་སློབ་གྲྭ9ལྷག་སློབ་གྲྭ་གསར་བའི་ནང་དུ་སྤར་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-05-16

གསར་འགོད་པས་སྤྱི་ཟླ5བའི་ཚེས14ཡི་ཉིན་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་མཇུག་རྫོགས་པའི་ལོར་ཐོན་པ་དང་། བསྐྱར་འཛུགས་བྱ་བ་སྣ་ཚོགས་མཇུག་རྫོགས་པའི་དུས་སུ་བསླེབས། ད་ལྟའི་བར་དུ་ཡུས་ཧྲུའུ་ཁུལ་གྱི་སློབ་གྲྭའི88%ལྷག་སློབ་གྲྭ་གསར་བའི་ནང་དུ་སྤར་ཞིང་། སློབ་གྲྭའི་སྐྱེལ་འདྲེན་བདག་གཉེར་དོ་དམ་བྱ་བ་ཕལ་ཆེར་རྒྱུན་ལྡན་དུ་གྱུར།

རྒྱུས་ལོན་བྱུང་བ་ལྟར་ན། ཡུས་ཧྲུའུ་ཁུལ་གྱི་སློབ་གྲྭའི་བསྐྱར་འཛུགས་ལས་གཞི་སྔོན་ཆད་ཀྱི་འཆར་གཞི་བསྡོམས་པས72ཡོད་པ་དང་། དེའི་ནང་དུ་ས་ཆ་གཞན་གྱི་འཛུགས་སྐྲུན་ལས་གཞི3ཡོད། ས་གནས་རང་གི་འཛུགས་སྐྲུན་ལས་གཞི69ཡོད། ས་གནས་རང་གི་འཛུགས་སྐྲུན་ལས་གཞིའི་ཁྲོད་དུ་སློབ་གྲྭ་འབྲིང་ཆུང43དང་བྱིས་བཅོལ་ཁང26ཡོད། ད་ལྟ་ས་ཆ་གཞན་པར་འཛུགས་སྐྲུན་བྱེད་པའི་སློབ་གྲྭ3འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། ཁུལ་ནང་ཁུལ་ནས་སློབ་གྲྭ་འབྲིང་ཆུང38འཛུགས་སྐྲུན་བྱེད་པ་ཡོངས་འགྲུབ་བྱས་ནས་སློབ་ཁྲིད་བྱེད་བཞིན་ཡོད། བྱིས་བཅོལ་ཁང་བསྐྱར་འཛུགས་བྱེད་པའི་ལས་གཞི་ཚང་མའི་ཁྲོད་ཀྱི16ཡོངས་འགྲུབ་བྱས།  །

  • ལེ་ཚན་སྔོན་མ།:མཚོ་སྔོན་ཡུལ་ཤུལ་དུ་སྨོན་ལམ་འདེབས་པའི་ཆོས་ཚོགས་ཆེན་མོ་ཚོགས་པ།
  • ལེ་ཚན་རྗེས་མ།:ཡུལ་ཤུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་རོགས་སྐྲུན་བྱེད་བཞིན་པའི་ལས་ཁུངས་གསུམ་གྱིས་བདུན་གཅིག་བ
  • དོ་སྣང་ཆེ་བའི་རྩོམ།