ཡུས་ཧྲུའུ་རྫོང་གིས་དཀའ་ཁག་ཅན་གྱི་མང་ཚོགས་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་བ།

    མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།    2013-01-23

མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་རྫོང་གིས་དཀའ་ཁག་མང་ཚོགས་ལ་འཚམས་འདྲི་བྱེད་པའི་བྱ་བ་དེ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། དམངས་ལ་དོན་བཟང་སྒྲུབ་པའི་བྱ་བ་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ལ་དྲོད་སྐྱིད་སྐྱེལ་ནས་དགུན་ལས་རྒལ་བ་དང་ལོ་སར་སྐྱིད་པོ་ཞིག་རོལ་ཏུ་འཇུག་པར་ཁག་ཐེག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། ལུགས་གསར་ལོ་སར་གྱི་ཚུན་ལ་དཀའ་ཁག་ཅན་གྱི་མང་ཚོགས་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་འཕྲོ་རིམ་འཕྲོར་སྤེལ།

བསྡོམས་རྩིས་བྱས་པ་ལྟར་ན། ད་ལྟའི་བར་དུ་བསྡོམས་པས་སྐྱེ་རྒུ་གྲོང་བརྡལ་དང་ས་ཁུལ་གྱི་དཀའ་ཁག་ཅན་གྱི་མང་ཚོགས་ཁྱིམ་ཚང་བརྒྱད་བརྒྱ་དང་ང་བརྒྱད་ལ་འཚམས་འདྲི་བྱས་ནས། འཚམས་འདྲིའི་མ་དངུལ་སྒོར་མོ་འབུམ་བཞི་དང་ཁྲི་གཉིས་སྟོང་དགུ་ལྷག་དང་། ཕྱེ་རྒྱ་མ་འབུམ་གཅིག་དང་ཁྲི་གཉིས་སྟོང་བདུན་ལྷག བལ་ཕྱར་དྲུག་ཅུ་ལྷག་བྱིན་པ་དང་། དབང་བོ་སྐྱོན་ཅན་གྱི་སྐུབ་སྟེགས་བཞི་ཅུ་བྱིན། འཚམས་འདྲིའི་ཡུལ་དངོས་ནས་ཡུས་ཧྲུའུ་རྫོང་དང་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་པས་འབྲེལ་ཡོད་སྡེ་ཁག་གིས་ཐབས་བརྒྱ་ཇུས་སྟོང་གིས་ཆ་རྐྱེན་བསྐྲུན་ནས། དཀའ་ཁག་ཅན་གྱི་མང་ཚོགས་ལ་ཐད་ཀར་ཕན་ཁེ་ཐོབ་པའི་གནད་དོན་ཐག་གཅོད་རོགས་བྱས་ནས་ཁོ་ཚོའི་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་གཏོང་དགོས་པའི་རེ་བ་བཏོན། །

  • ལེ་ཚན་སྔོན་མ།:ཡུས་ཧྲུའུ་ཡི་སྐྱེས་ཐོབ་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པར་ནང་ལོགས་སུ་རིན་མེད་སྒོས་བཤག་བཅོས་བྱས་ཏེ་མ
  • ལེ་ཚན་རྗེས་མ།:ཡུས་ཧྲུའུ་ཁུལ་གྱི་རོང་འབྲོག་པ་མི་ཁྲི30.4ཞིང་སྡེ་གསར་བའི་མཉམ་ལས་སྨན་བཅོས་ནང་ཞུགས་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།