ཡུས་ཧྲུའུ་ཡི་སྐྱེས་ཐོབ་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པར་ནང་ལོགས་སུ་རིན་མེད་སྒོས་བཤག་བཅོས་བྱས་ཏེ་མཚོ་སྔོན་དུ་ཕྱིར་ལོག་པ།

    ཞིན་ཧྭ་དྲ་བ།    2013-01-16

ཡུས་ཧྲུའུ་ཡི་སྐྱེས་ཐོབ་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པར་ནང་ལོགས་སུ་རིན་མེད་སྒོས་བཤག་བཅོས་བྱས་ཏེ་མ
 

ཧི་ཧྥེ་མེ་འཁོར་འབབ་ཚིགས་སུ་བཤག་བཅོས་ལེགས་འགྲུབ་བྱས་པའི་བྱིས་པ་རྣམས་ཀྱིས་མེ་འཁོར་གྱི་སྒེའུ་ཁུང་བརྒྱུད་དེ་སྐལ་བཟང་མེ་ཏོག་སྤྱི་ཕན་རྩ་འཛུགས་མི་སྣ་ཧུང་པའོ་ལ་གྱེས་བརྡ་གཏོང་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས12ཉིན། ཨན་ཧུའེ་ཞིང་ཆེན་རྒྱ་གྲམ་དམར་པོ་སྙིང་རྩ་སྨན་ཁང་དུ་རིན་མེད་སྒོས་བཤག་བཅོས་བྱས་པའི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་སྐྱེས་ཐོབ་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པ15ཁྲོད་ཀྱི་མཇུག་མཐའི་བྱིས་པ་ལྔ་བཤག་བཅོས་ལེགས་འགྲུབ་བྱུང་ནས་མཚོ་སྔོན་དུ་ཕྱིར་ལོག ཐེངས་འདིའི་རིན་མེད་རོགས་བཅོས་བྱ་འགུལ་དེ་ཨན་ཧུའེ་ཞིང་ཆེན་རྒྱ་གྲམ་དམར་པོ་སྙིང་རྩ་སྨན་ཁང་དང་སྐལ་བཟང་མེ་ཏོག་སྤྱི་ཕན་རྩ་འཛུགས་ཀྱིས་མཉམ་དུ་སྤེལ་བ་དང་། མཚོ་སྔོན་གྱི་སྐྱེས་ཐོབ་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པ15བདམས་ནས་ཧི་ཧྥེ་རུ་རིན་མེད་སྒོས་ནད་བརྟག་བཤག་བཅོས་བྱས་ལ། དེའི་ནང་བཤག་བཅོས་ཆ་རྐྱེན་དང་མཐུན་པའི་བྱིས་པ13ལ་བདེ་བླག་ངང་བཤག་བཅོས་བྱས། །

ཡུས་ཧྲུའུ་ཡི་སྐྱེས་ཐོབ་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པར་ནང་ལོགས་སུ་རིན་མེད་སྒོས་བཤག་བཅོས་བྱས་ཏེ་མ

ཧུ་ཧྥེ་མེ་འཁོར་འབབ་ཚིགས་སུ། བཤག་བཅོས་ལེགས་འགྲུབ་བྱུང་བའི་བྱིས་པ་ཚེ་རིང་བཀྲ་ཤིས་དང་ཁོ་བོའི་ཨ་མ།

  • ལེ་ཚན་སྔོན་མ།:ཡུས་ཧྲུའུ་ས་ཁུལ་དུ་གློག་སྐུད་འཐེན་པའི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་པ
  • ལེ་ཚན་རྗེས་མ།:ཡུས་ཧྲུའུ་རྫོང་གིས་དཀའ་ཁག་ཅན་གྱི་མང་ཚོགས་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།