ཡུས་ཧྲུའུ་ས་ཁུལ་དུ་གློག་སྐུད་འཐེན་པའི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་པ

བདེ་སྐྱིད་འཚོ།    མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།    2012-12-21

ཡུས་ཧྲུའུ་ས་ཁུལ་དུ་གློག་སྐུད་འཐེན་པའི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་པ

ལས་བཟོ་བས་གློག་རྒྱུན་འདྲེན་སྐུད་འཐེན་བཞིན་པ།

ཡུས་ཧྲུའུ་ས་ཁུལ་དུ་གློག་སྐུད་འཐེན་པའི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་པ

ཡུས་ཧྲུའུ་ས་ཁུལ་དུ་གློག་སྐུད་འཐེན་པའི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་པ

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་མཇུག་ཐོན་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་ཝན་ལིས་གློག་ཆས་ཀུང་ཟིར་མཚོན་ན་ཁོམ་ལོང་མེད་པའི་དུས་ཡིན་ཏེ། ཐོན་སྐྱེད་འཁོར་སྟེགས་ནས་གོ་རིམ་ལྡན་པའི་སྒོ་ནས་གློ་སྐུད་ཐོན་སྐྱེད་བྱས་ཏེ། ཉི་མ་རེར་ཏུན་ཉིས་བརྒྱ་དང་བཅུ་ཡོད་པའི་གློག་སྐུད་ཨར་ལས་བཟོ་སྐྲུན་གྱི་ཡུལ་དངོས་སུ་འཐེན་བཞིན་ཡོད།

    ཡུས་ཧྲུའུ་གློག་དྲ་དང་མཚོ་སྔོན་དྲ་རྒྱ་གཙོ་བོའི་སྟོང་ཧྥུའུ་སུམ་བརྒྱ་སུམ་ཅུ་ཡོད་པའི་དྲ་སྦྲེལ་བཟོ་སྐྲུན་ནི་ཡུས་ཧྲུའུ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ལས་གཞི་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་གློག་དྲ་ཀུང་ཟིའི་ད་ལོའི་བཟོ་སྐྲུན་གལ་ཆེན་ཞིག་ཀྱང་རེད། དགུན་ཐོན་པ་དང་བསྟུན་ནས་ཡུས་ཧྲུའུ་ས་ཁུལ་གྱི་བཟོ་སྐྲུན་ཡུལ་དངོས་ཀྱི་ནམ་ཟླའི་ཆ་རྐྱེན་ཧ་ཅང་ཞན་ནའང་། རྒྱལ་ཁབ་གློག་དྲའི་འཛུགས་སྐྲུན་པ་རྣམས་ཀྱིས་གློག་དྲ་འཐེན་པའི་འཛུགས་སྐྲུན་བྱ་བ་ཇེ་མགྱོགས་སུ་བཏང་ནས། ཡུས་ཧྲུའུ་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཏུ་འཇུག་པའི་ཆོད་སེམས་གཏན་ནས་འགྱུར་མེད།

    ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་བར། ཀུང་ཟི་དེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དང་། ཆུ་འགག རྨ་སྟོད་རྫོང་སོགས་ཀྱི་ཨར་ལས་བཟོ་སྐྲུན་ཡུལ་དངོས་ནས་ཏུན་སྟོང་གཅིག་དང་དྲུག་བརྒྱ་བརྒྱད་ཅུ་འདོན་སྤྲོད་བྱས་ནས་སྤྱིའི་གྲངས་ཀའི་བརྒྱ་ཆའི་བདུན་ཅུར་བསླེབས། ད་ལྟ་ཀུང་ཟི་དེས་ལོ་རེར་རླངས་འཁོར་དྲུག་མངགས་ཏེ། འཕྲོ་རིམ་འཕྲོར་ཡུས་ཧྲུའུ་དྲ་སྦྲེལ་བཟོ་སྐྲུན་གྱི་ཨར་ལས་བཟོ་སྐྲུན་ཡུལ་དངོས་སུ་འདོན་སྤྲོད་བྱེད་རྒྱུར་ཁག་ཐེག་བྱས་པ་དང་། ཟླ་འདིའི་ཚེས་ཉེར་ལྔ་ཉིན་གྱི་སྔོན་དུ་གློག་སྐུད་འདོན་སྤྲོད་བྱེད་པའི་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་ཐུབ། །

 
  • ལེ་ཚན་སྔོན་མ།:༼ཡུལ་ཤུལ་བོད་རིགས་དམངས་ཁྲོད་ཀྱི་གཞས་བྲོ་གཅེས་བསྡུས༽ཞེས་པ་མི་རིང་བར་འགྲེམ་སྤེལ་བྱ་རྒྱུ།
  • ལེ་ཚན་རྗེས་མ།:ཡུས་ཧྲུའུ་ཡི་སྐྱེས་ཐོབ་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པར་ནང་ལོགས་སུ་རིན་མེད་སྒོས་བཤག་བཅོས་བྱས་ཏེ་མ
  • དོ་སྣང་ཆེ་བའི་རྩོམ།