མཚོ་སྔོན་གསར་འགྱུར་དྲ་བ། 2013-04-09
ན་ནིང་། ཡུས་ཧྲུའུ་ཁུལ་གྱི་མི་རེའི་ཆ་སྙོམས་ཀྱི་མཉམ་ལས་སྨན་བཅོས་ནང་ཞུགས་པའི་གྲོན་དངུལ་ཚད་གཞི་དང་ཆེས་མཐོ་བའི་རྩིས་ཞུ་བྱེད་ཚད། སྲིད་ཇུས་ཁྱབ་ཁོངས་ནང་ཞག་སྡོད་སྨན་བཅོས་འགྲོ་གྲོན་རྩིས་ཞུ་བྱས་པའི་བསྡུར་ཚད་ནི་སོ་སོར་སྒོར400དང་སྒོར་ཁྲི10། 76%བཅས་ཇེ་མཐོར་སོང་ཡོད་ལ། ནད་རིགས་ལྕི་མོའི་འགན་སྲུང་ཁྱབ་ཁོངས་རྒྱ་ཇེ་ཆེར་བཏང་ནས་རོང་འབྲོག་པའི་སྨན་བཅོས་འགན་སྲུང་ལོངས་སྤྱོད་བྱེད་ཚད་མངོན་གསལ་སྒོས་ཇེ་མཐོར་བཏང་ཡོད། གཞི་རྩའི་སྤྱི་བའི་ཞབས་ཞུ་འཕྲོད་བསྟེན་གྱི་ཆ་སྙོམས་རང་བཞིན་ཆུ་ཚད་ཇེ་མཐོར་བཏང་ནས་མི་རེའི་ཆ་སྙོམས་ཀྱི་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་འགྲོ་གྲོན་སྒོར40ལ་ཇེ་མཐོར་བཏང་ཞིང་། ཞབས་ཞུའི་ལས་གཞི་ཡང་རིགས14ལ་ཇེ་མང་དུ་བཏང་ཡོད། ཤང་གྲོང་སྡོད་དམངས་ཀྱི་གློག་རྡུལ་བདེ་ཐང་ཡིག་ཚགས་བྱ་བ་ཕན་ནུས་ལྡན་པའི་སྒོ་ནས་སྤེལ་ཏེ་ཡིག་ཚགས་བཟོ་ཚད་ཀྱི་དམིགས་ཚད་བླང་བྱ་མངོན་འགྱུར་བྱས། ཞིང་སྡེ་སྨན་པའི་གསོ་སྦྱོང་དཔྱད་ཞིབ་ལ་ཤུགས་བསྣན་ཏེ་སྡེ་བའི་སྨན་པའི་གླ་ཕོགས་དངོས་འབེབས་བྱས། དུས་མཚུངས་སུ་གནོད་ཕྱིའི་བསྐྱར་འཛུགས་ལ་གྲུབ་འབྲས་ལེགས་པོ་བླངས་ནས། ཁུལ་ཡོངས་ཀྱི་འཕྲོད་བསྟེན་ལས་གཞི66ནང་ལས་གཞི22ལེགས་འགྲུབ་བྱས་ཏེ་བེད་སྤྱོད་བྱེད་བཞིན་ཡོད་ལ། བཟོ་འགོད་ལེགས་འགྲུབ་བྱས་ཏེ་སྒྲིག་ཆས་ཆ་སྡེབ་དང་ཞིབ་བཤེར་བྱེད་པའི་ལས་གཞི24དང་། ད་ལྟ་འཛུགས་སྐྲུན་ཁྲོད་ཀྱི་ལས་གཞི20ཡོད། འཆར་གཞི་ལྟར་ན2013ལོར་ཕྱོགས་ཡོས་ནས་མ་དངུལ་སྒོར་ཁྲི1200ལེགས་འགྲུབ་བྱས་ཏེ་ཁུལ་ཡོངས་ཀྱི་ཤང་གྲོང24ཡི་འཕྲོད་བསྟེན་ཁང་གི་སྨན་བཅོས་སྒྲིག་ཆས་དང་སྐོར་བསྐྱོད་སྨན་བཅོས་རླངས་འཁོར་ཆ་སྡེབ་ལས་གཞི་ལེགས་འགྲུབ་བྱེད་རྒྱུ་ཡིན་པ་དང་། མ་དངུལ་སྒོར་ཁྲི1354བཏང་ནས་ཤང་གྲོང14ཡི་འཕྲོད་བསྟེན་ཁང་འཛུགས་སྐྲུན་ལས་གཞི་ལེགས་འགྲུབ་བྱེད་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10