ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དཔེ་ལེགས་དཔའ་བོའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཟི་ལིང་ནས་བསྡུས་པ།

བསོད་ནམས་ལྷ་མོ།    མཚོ་སྔོན་གསར་འགྱུར་དྲ་བ།    2013-04-15

ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དཔེ་ལེགས་དཔའ་བོའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ

ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དཔེ་ལེགས་དཔའ་བོའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཚེས་བཅུ་གསུམ་ཉིན་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་བསྡུས། ཚོགས་ཞུགས་མི་སྣས་བློ་མཐུན་ཧན་ཧོས་དབྱིན་དང་ཚེ་རིང་བཟང་བོ་གཉིས་ཀྱི་སྔོན་ཐོན་བྱས་རྗེས་ལ་ཉན་བཞིན་པ།

ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དཔེ་ལེགས་དཔའ་བོའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ

ལོ་ཧོས་ཉིན་དང་ཧའོ་ཕུན། ཟི་ལིང་ན་ཡོད་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་དམག་ཁུལ། དྲག་ཆས་ཉེན་རྟོག་དམག་དཔུང་མཚོ་སྔོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་མགོ་ཁྲིད་པ་སྙན་ཞུའི་ཚོགས་འདུར་ཞུགས།

ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དཔེ་ལེགས་དཔའ་བོའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅིས་ཏིས་མཱ་ཅས་སྙན་ཞུའི་ཚོགས་འདུར་མགོ་འཛིན་བྱེད་བཞིན་པའི་ཚུལ།

ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དཔེ་ལེགས་དཔའ་བོའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ

ཡུས་ཧྲུའུ་ཁུལ་སྨན་ཁང་གི་སྨན་པ་བསོད་ནམས་དཔལ་འབྱོར་གྱིས་སྙན་ཞུ་འབུལ་བཞིན་པ།

ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དཔེ་ལེགས་དཔའ་བོའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ

ཡུས་ཧྲུའུ་རྫོང་བརྒྱད་གཅིག་སྨན་ཁང་གི་སྨན་པ་པད་དབྱངས་ཀྱིས་སྙན་ཞུ་འབུལ་བཞིན་པ།

ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དཔེ་ལེགས་དཔའ་བོའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པ་ཏོན་ཐའོ་ཡིས་སྙན་ཞུ་འབུལ་བཞིན་པ།

ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དཔེ་ལེགས་དཔའ་བོའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ

སྙན་ཞུས་ཚོགས་ཞུགས་འཐུས་མིར་ཡིད་འགུལ་ཐེབས་པ།

ཟླ་བཞི་པའི་ཚེས་བཅུ་གསུམ་ཉིན། ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་དཔེ་ལེགས་དཔའ་བོའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་གྲོས་ཚོགས་ལྟེ་གནས་ནས་བསྡུས།  ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་དཔེ་ལེགས་དཔའ་བོའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་པའི་ཁོངས་མིས་བློ་མཐུན་ཧན་ཧོས་དབྱིན་དང་ཚེ་རིང་བཟང་བོའི་སྔོན་ཐོན་བྱས་རྗེས་སྙན་ཞུ་བྱས། སྙན་ཞུ་ཚོགས་འདུའི་སྔོན་དུ་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཞི་གཞོན་པ། ཧྲིན་ཀྲང་ཚབ་མ་ཧའོ་ཕུན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཅིས་ཏིས་མཱ་ཅ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཝང་ཞའོ་ཆིན་བཅས་ཀྱིས་སྙན་ཞུ་ཚོགས་པའི་ཁོངས་མི་ལ་ཐུག་འཕྲད་བྱས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་དང་ཧྲིན་ཀྲང་ཚབ་མ་ཧའོ་ཕུན། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་དམག་ཁུལ། དྲག་ཆས་ཉེན་རྟོག་དམག་དཔུང་མཚོ་སྔོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་མགོ་ཁྲིད་པ་དང་། ཞིང་ཆེན་དུ་གཏོགས་པའི་ལས་ཁུངས་སོ་སོ་དང་མི་དམངས་ཚོགས་པ་སོ་སོ། མཚོ་སྔོན་ན་ཡོད་པའི་དམག་དཔུང་། ཟི་ལིང་གྲོང་ཁྱེར་གྱི་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་བཅས་མི་བདུན་བརྒྱ་ལྷག་སྙན་ཞུ་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅིས་ཏིས་མཱ་ཅས་སྙན་ཞུ་ཚོགས་འདུར་མགོ་འཛིན་བྱས། ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ཁྲོད་དུ་དཔེ་ལེགས་དཔའ་བོ་སྐོར་ཞིག་བྱུང་བ་དང་། ཧན་ཧོས་དབྱིན་དང་ཚེ་རིང་བཟང་བོ་གཉིས་ནི་ཁོ་ཚོའི་ཁྲོད་ཀྱི་ཕུལ་བྱུང་འཐུས་མི་རེད། སྔོན་ཆད་ཀྱི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་ཧན་ཧོས་དབྱིན་དང་ཡུས་ཧྲུའུ་རྫོང་འཕྲོད་བསྟེན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། རྫོང་བུད་མེད་དང་བྱིས་པའི་ཕྱོགས་བསྡུས་སྨན་ཁང་གི་ཡོན་ཀྲང་ཚེ་རིང་བཟང་བོ་གཉིས་ཀྱིས་ཡུས་ཧྲུའུ་ཡི་གནོད་སེལ་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ཁྲོད་དུ་རང་ཉིད་ཀྱི་ནད་ལ་མ་འཛེམས་པར་ལས་གནས་བརྟན་སྲུང་བྱས་ཏེ་སྟོབས་ཤུགས་ཡོད་དགུས་ནད་པར་སྨན་བཅོས་དང་སྒེར་སེམས་མེད་པར་མང་ཚོགས་ལ་ཞབས་ཞུ་བསྒྲུབས་ནས་ཚེ་སྲོག་གི་འོད་སྣང་མང་ཚོགས་ལ་སྦྱིན་པ་དང་དཀའ་ཁག་དང་ཉེན་ཁ་རང་ལ་བཞག་ཅིང་། ཁོ་ཚོའི་སེམས་སུ་མི་གཞན་སྐྱོབ་པ་ནི་རང་ཉིད་སྐྱོབ་པ་ལས་གལ་ཆེ་བས་རང་གི་ཟུངས་ཁྲག་དང་ཚེ་སྲོག་གིས་གུང་ཁྲན་ཏང་མི་ཞིག་གི་དུས་རབས་ཀྱི་བསྟོད་གླུ་ཞིག་བྲིས། 2010ལོར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཧན་ཧོས་དབྱིན་དང་ཚེ་རིང་བཟང་བོ་གཉིས་ལ་རྒྱལ་ཡོངས་ཀྱི་གནོད་སེལ་རྒུད་སྐྱོབ་ཀྱི་དཔེ་ལེགས་མཚན་སྙན་གནང་།

སྙན་ཞུ་ཚོགས་འདུ་དེ་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་གཉིས་ཀྱིས་མཉམ་དུ་བསྒྲུབས་པ་ཡིན། སྙན་ཞུ་ཚོགས་འདུའི་སྔོན་དུ་ལོ་ཧོས་ཉིན་དང་ཧའོ་ཕུན། ཝང་ཞའོ་ཆིན། ཅིས་ཏིས་མཱ་ཅ་བཅས་ཀྱིས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་མགོ་ཁྲིད་པས་སྙན་ཞུ་ཚོགས་འདུར་གྲ་སྒྲིག་བྱས་པའི་གནས་ཚུལ་དང་སྐོར་བསྐྱོད་སྙན་ཞུ་འབུལ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན། རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་གསུམ་པའི་ཟླ་མཇུག་ནས་བཟུང་སྙན་ཞུ་ཚོགས་པ་དེ་མཚོ་ནུབ་དང་མཚོ་བྱང་། མཚོ་ལྷོ། རྨ་ལྷོ། མཚོ་ཤར། མཚོ་སྔོན་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་སོགས་ས་གནས་དང་ལས་ཁུངས་སུ་སོང་སྟེ་སྙན་ཞུ་ཐེངས་བཅུ་བཞིར་ཕུལ་བ་དང་། སྙན་ཞུར་ཉན་པའི་མི་ཐེངས་ཁྲི་གཅིག་ལ་བསླེབས།  

  • ལེ་ཚན་སྔོན་མ།:ཡུས་ཧྲུའུ་ཁུལ་གྱི་རོང་འབྲོག་པ་མི་ཁྲི30.4ཞིང་སྡེ་གསར་བའི་མཉམ་ལས་སྨན་བཅོས་ནང་ཞུགས་ཡོད་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཡུལ་ཤུལ་དུ་སྨོན་ལམ་འདེབས་པའི་ཆོས་ཚོགས་ཆེན་མོ་ཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།