ཡུལ་ཤུལ་ས་ཁུལ་གྱི《གེ་སར》དམངས་ཁྲོད་སྒྱུ་རྩལ་པ་སྲུང་སྐྱོབ་ལེགས་པོ་ཐོབ་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-11-28

ཡུལ་ཤུལ་ས་ཁུལ་གྱི《གེ་སར》དམངས་ཁྲོད་སྒྱུ་རྩལ་པ་སྲུང་སྐྱོབ་ལེགས་པོ་ཐོབ་པ།
ཡུལ་ཤུལ་ས་ཁུལ་གྱི《གེ་སར》དམངས་ཁྲོད་སྒྱུ་རྩལ་པ་སྲུང་སྐྱོབ་ལེགས་པོ་ཐོབ་པ།

         ཉེ་ལམ། ཡུལ་ཤུལ་ས་ཁུལ་གྱི《གེ་སར》དམངས་ཁྲོད་སྒྱུ་རྩལ་པའི་གསལ་འབྱེད་དཔང་ཡིག་གནང་བའི་མཛད་སྒོ་དེ་ཡུལ་ཤུལ་སྐྱེ་རྒུ་གྲོང་རྡལ་དུ་སྤེལ་ཞིང་། ཡུལ་ཤུལ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་འགོ་གཙོ་བཀྲ་བྷས་ཚོགས་འདུ་ལ་མདོ་འཛིན་མཛད།
         ཡུལ་ཤུལ་ཁུལ་རིག་གནས་ལུས་རྩལ་ཅུའུ་དང་ཡུལ་ཤུལ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གཉིས་ཀྱིས་སྒྲུབ་པའི་ཡུལ་ཤུལ་ས་ཁུལ་གྱི《གེ་སར》དམངས་ཁྲོད་སྒྱུ་རྩལ་པའི་གསལ་འབྱེད་དཔང་ཡིག་གནང་བའི་མཛད་སྒོའི་སྟེང་། ཡུལ་ཤུལ་ཁུལ་ཨུ་རྒྱུན་ཨུ་དང་དྲིལ་སྒྲོལ་པུའི་འགོ་གཙོ་ཝང་ཤུག་ཆིན་དང་། དེ་སྔ་མཚོ་སྔོན་ཞིང་ཆེན་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོ་གཞོན་པའམ་མཚོ་སྔོན་ཞིང་ཆེན《གེ་སར》སློབ་ཚོགས་ཀྱི་ཚོགས་གཙོ་གཅོད་པ་དོན་འགྲུབ། ཡུལ་ཤུལ་ཁུལ་རིག་གནས་ལུས་རྩལ་ཅུའི་འགོ་གཙོ་ངག་དབང་དགེ་ལེགས།  ཡུལ་ཤུལ་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོ་ཕུན་ཚོགས་ཟླ་བ། ཡུལ་ཤུལ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་འགོ་གཙོ་བཀྲ་བྷ། ཡུལ་ཤུལ《གེ་སར》ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་འཇིགས་མེད་དང་འབྲེལ་ཡོད་གེ་སར་གྱི་ཤེས་ཡོན་པ། གེ་སར་སྒྲུང་བ་སོགས་མི40ལྷག་ཞུགས་ཡོད་པ་རེད།
         ཚོགས་ཐོག་ཏུ་ཚེ་རིང་བསོད་ནམས་དང་། འཆི་མེད་རབ་བརྟན་སོགས་གེ་སར་དམངས་ཁྲོད་སྒྱུ་རྩལ་པ16ལ་གསལ་འབྱེད་དཔང་ཡིག་གནང་། 2012ལོའི་ཟླ7པའི་ཚེས20ཉིན་རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་མཚོ་སྔོན་ཞིང་ཆེན《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གཉིས་མཉམ་འབྲེལ་སྒོས《གེ་སར》ཆེད་མཁས་པའི་ཚན་ཆུང་རྩ་འཛུགས་གནང་སྟེ་ཡུལ་ཤུལ་ས་ཁུལ་གྱི་གེ་སར་དམངས་ཁྲོད་སྒྱུ་རྩལ་པ16ལ་གསལ་འབྱེད་བྱས།
         འབྲེལ་ཡོད་གེ་སར་ཆེད་མཁས་པ་རྣམས་ཀྱིས་བསྟུད་མར་གསུང་བཤད་གནང་བ་དང་། གེ་སར་ཞིབ་འཇུག་པ་གཅོད་པ་དོན་འགྲུབ་ཀྱིས་གསུང་རྒྱུར། གེ་སར་སྒྲུང་བ་ནི་གེ་སར་ལོ་རྒྱུས་སྙན་རྩོམ་གྱི་ཆེས་ཐད་ཀར་བའི་གསར་སྐྲུན་པ་དང་། རྒྱུན་འཛིན་པ།  ཁྱབ་སྒྲོག་པ་བཅས་ཡིན་ཞིང་། གེ་སར་དམངས་ཁྲོད་སྒྱུ་རྩལ་པ་སྲུང་སྐྱོབ་བྱེད་རྒྱུ་ནི་མིག་སྔའི་ཆེས་གལ་ཆེ་བའི་བརྗོད་གཞི་དང་ལས་འགན་དུ་གྱུར་ཡོད།  
         ཡུལ་ཤུལ་ཁུལ་གྱིས་སྔ་གཞུག་ཏུ《གེ་སར》སྒྱུ་རྩལ་པའི་ཁྱིམ་གཞིས་དང《གེ་སར》ཞིབ་འཇུག་མཐུན་ཚོགས་བཙུགས་ཤིང་།  《གེ་སར》དམངས་ཁྲོད་སྒྱུ་རྩལ་པ་གསལ་འབྱེད་སོགས་སྤེལ་ཏེ《གེ་སར》དམངས་ཁྲོད་སྒྱུ་རྩལ་པའི་སྤྱི་ཚོགས་ཀྱི་གོ་གནས་མཐོར་འདེགས་སུ་བཏང་བ་དང་། 《གེ་སར》རིག་གནས་འབྲེལ་འདྲིས་ཀྱི་སྟེགས་བུ་མཁོ་སྤྲོད་གནང་བ་སོགས་ཀྱི་ལས་དོན་བརྒྱུད་དེ《གེ་སར》ཞེས་པའི་སྲོལ་རྒྱུན་གྱི་སྒྲུང་བཤད་འདི་མུ་མཐུད་རྒྱུན་འཛིན་དང་འགན་སྲུང་བཅས་བྱེད་པའི་ཆ་ནས་དགེ་མཚན་ཆེན་པོ་ལྡན།

  • ལེ་ཚན་སྔོན་མ།:ཡུས་ཧྲུའུ་རྟ་རྒྱུག་ར་བའི་སྦྲ་གུར་དག་གནས་སྤར་བ།
  • ལེ་ཚན་རྗེས་མ།:ཡུས་ཧྲུའུ་གནོད་ཐེབས་བསྐྱར་འཛུགས་སྐབས་སུ་འབྲོག་པ་མང་ཚོགས་ཁང་བ་གསར་བའི་ནང་གནས་སྤར་ཚད་བརྒྱ་ཆའི་གྱ་གཉིས་
  • དོ་སྣང་ཆེ་བའི་རྩོམ།