ཡུས་ཧྲུའུ་གནོད་ཐེབས་བསྐྱར་འཛུགས་སྐབས་སུ་འབྲོག་པ་མང་ཚོགས་ཁང་བ་གསར་བའི་ནང་གནས་སྤར་ཚད་བརྒྱ་ཆའི་གྱ་གཉིས་ལ་བསླེབས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-12-03

མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཀྱི་དུས་ཚིགས་གསུམ་པའི་བཟོ་སྐྲུན་བྱ་བ་མཇུག་རྫོགས་ལ་ཉེ་བའི་སྐབས་སུ། ཡུས་ཧྲུའུ་ཁུལ་གྱིས་སྡོད་ཁང་ཁྲི་བཞི་དང་དྲུག་བརྒྱ་སོ་བརྒྱད་འཛུགས་སྐྲུན་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་ཤིང་། ཁྱིམ་ཚང་ཁྲི་གསུམ་དང་སྟོང་གསུམ་སུམ་བརྒྱ་བཅུ་གསུམ་སྡོད་ཁང་གསར་བའི་ནང་གནས་སྤར་བ་དང་གནས་སྤར་ཚད་བརྒྱ་ཆའི་གྱ་གཉིས་ལ་བསླེབས།

    རྒྱུས་ལོན་བྱུང་བ་ལྟར་ན། ཡུས་ཧྲུའུ་ཁུལ་གྱི་མཁའ་གྲོང་སྡོད་ཁང་བསྐྱར་འཛུགས་ཀྱི་སྤྱིའི་ལས་འགན་ཁྱིམ་ཚང་ཁྲི་བཞི་དང་སྟོང་གཅིག་ལྷག་ཡིན་པ་དང་སྤྱིའི་གཞི་ཁྱོན་མུས་གྲུ་བཞི་མ་ས་ཡ་གསུམ་དང་འབུམ་བཞི་ལྷག་ཡིན། ད་ལོའི་ཟླ་བཅུ་གཅིག་པའི་ཟླ་མཇུག་བར་དུ་སྐྱེ་རྒུ་གྲོང་བརྡལ་གྱི་སྡོད་དམངས་ཀྱི་ཁང་བ་ཁྲི་གཅིག་དང་སྟོང་གཉིས་ལྷག་ལས་མགོ་བརྩམས་པ་དང་ཡོངས་འགྲུབ་བྱས་ཚད་བརྒྱ་ཆའི་གོ་ལྔ་ལྷག་ལ་བསླེབས།

    ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་ཡི་རྒྱུན་ལས་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་གིས་བཤད་རྒྱུར། སང་ལོར་ཡུས་ཧྲུའུ་ཁུལ་གྱིས་སྡོད་ཁང་འཛུགས་སྐྲུན་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། སྤྱི་བའི་སྒྲིག་ཆས་འཛུགས་སྐྲུན། སྐྱེ་ཁམས་སླར་གསོ་སོགས་ཀྱི་ལས་འགན་ཡོངས་འགྲུབ་བྱེད་ཐུབ་པར་མ་ཟད། ལོ་གསུམ་གྱི་བསྐྱར་འཛུགས་ལས་འགན་དང་དམིགས་འབེན་མངོན་འགྱུར་བྱེད་ངེས་ཡིན་ཟེར།   །

  • ལེ་ཚན་སྔོན་མ།:ཡུལ་ཤུལ་ས་ཁུལ་གྱི《གེ་སར》དམངས་ཁྲོད་སྒྱུ་རྩལ་པ་སྲུང་སྐྱོབ་ལེགས་པོ་ཐོབ་པ།
  • ལེ་ཚན་རྗེས་མ།:ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཟོ་ཚོགས་ཀྱིས་དཀའ་ཁག་ཆེ་བའི་ལས་བཟོ་བར་རོགས་རམ་བྱས་ནས་ཕན་འབྲས་མངོན་གས
  • དོ་སྣང་ཆེ་བའི་རྩོམ།