མཚོ་སྔོན་གསར་འགྱུར་དྲ་བ། 2012-12-12
སྟོབས་ཤུགས་ཡོད་རྒུས་གནོད་འཚེའི་རྗེས་ཀྱི་དཀའ་ཁག་ཆེ་བའི་ལས་བཟོ་བའི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་ཆེད། ད་ལོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཏང་ཨུ་དང་། སྲིད་གཞུང་གིས་གནང་བའི་ཐོན་ཁུངས་དང་བྱེད་ཐབས་བརྩོན་ལེན་བྱས་པ་དང་བཀོལ་སྤྱོད་བཟང་བོ་བྱས་ཏེ། དཀའ་ཁག་ཅན་གྱི་ལས་བཟོ་བའི་ཡིག་ཚགས་འཐུས་ཚང་དུ་བཏང་བ་དང་། དཀའ་ཁག་ཅན་གྱི་ལས་བཟོ་བར་རོགས་སྐྱོར་བྱེད་ས་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་པ་དང་། ཞིང་བ་ཞོར་ལས་བའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། དཀའ་ཁག་ཆེ་བའི་ལས་བཟོ་བར་རོགས་སྐྱོར་བྱེད་པའི་བྱ་བ་སྔར་ལས་ཇེ་བཟང་དུ་བཏང་ནས། དཀའ་ཁག་ཆེ་བའི་ལས་བཟོ་བར་རོགས་རམ་བྱེད་པའི་བྱ་བར་ཕན་འབྲས་མངོན་གསལ་བླངས།
ཡུས་ཧྲུའུ་ཁུལ་དང་རྫོང་གིས་དཀའ་ཁག་ཅན་གྱི་ལས་བཟོ་བར་རོགས་རམ་བྱེད་པའི་ལྟེ་གནས་དང་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་བདུན་བཙུགས་ནས། དཀའ་ཁག་ཅན་གྱི་ལས་བཟོ་བའི་ཡིག་ཚགས་ཚད་ལྡན་ཅན་དང་། ཚན་རིག་ཅན་གྱི་དོ་དམ་ལག་བསྟར་བྱས་ལ། ཆ་རྐྱེན་དང་མཐུན་པའི་དཀའ་ཁག་ཅན་གྱི་ལས་བཟོ་བ་ཡོངས་ཡིག་ཚགས་སུ་བཀོད་དེ། ཁུལ་ཡོངས་སུ་དཀའ་ཁག་ཅན་གྱི་ལས་བཟོ་བའི་གྲངས་ཀ་སྟོང་བཞི་དང་དྲུག་བརྒྱར་བསླེབས་ཤིང་། ཁྱིམ་ཚང་གི་མི་གྲངས་ཕལ་ཆེར་ཁྲི་གཅིག་ཏུ་བསླེབས། ཆེད་སྤྱོད་མ་དངུལ་བསྡུས་ནས་རོགས་སྐྱོར་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ། སློབ་མར་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་ནས། བསྡོམས་པས་དཀའ་ཁག་ཅན་གྱི་སློབ་གྲྭ་ཆེན་མོ་བ་བཞི་བརྒྱ་དང་སོ་དགུ་ལ་རོགས་རམ་བྱས་པ་དང་། རོགས་སྐྱོར་མ་དངུལ་སྒོར་མོ་འབུམ་དྲུག་བཏང་ཞིང་། མོ་རྐྱང་ལས་བཟོ་བ་བརྒྱར་མ་དངུལ་སྒོར་མོ་འབུམ་གཅིག་བྱིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10