2012-11-28
སྡོད་ཁང་གསར་བའི་བདེ་སྐྱིད་ཀྱི་དཔལ་རོལ་བཞིན་པ།
ཡུས་ཧྲུའུ་བཀྲ་ཤིས་ཁོག་རྟ་རྒྱུག་ཐང་ནི་མཐའ་བཞི་རི་བོས་བསྐོར་ཡོད་ཀྱང་ཁོད་ཡངས་པ་དང་། གཞུང་ལ་སྤྱི་ལེ10དང་འཕྲེད་ལ་སྤྱི་ལེ2ལྷག་ཡོད་པས་ས་འགུལ་བྱུང་རྗེས་སུ་གཞི་ཁྱོན་ཆེས་ཆེ་བའི་གནོད་ཐེབས་མང་ཚོགས་ཀྱི་གནས་སྐབས་བཀོད་སྒྲིག་ས་ཚིགས་ཡིན།
རྟ་རྒྱུག་ཐང་གནས་སྐབས་བཀོད་སྒྲིག་ས་ཚིགས་ཀྱི་ཚོང་ར་ནི་ས་གནས་དེ་གའི་མང་ཚོགས་ལ་རྒྱུས་ལོན་ཡོད་པ་མ་ཟད་ཕྱིར་ཡོང་གི་ལས་བཟོ་བ་རྣམས་ཀྱང་ཡུས་ཧྲུའུ་ལ་སླེབས་མ་ཐག་ཚོང་ར་འདིར་འགྲོ་ངེས་ཡིན། ཚོང་ར་འདིའི་ནང་ཆུང་བ་ཁབ་སྐུད་ཙམ་ནས་ཆེ་བ་ལྕགས་རྟ་དང་ཁྱིམ་སྤྱོད་གློག་ཆས་སོགས་ཚང་མ་ཉོ་ཐུབ།
གནོད་ཕྱིའི་བསྐྱར་འཛུགས་བྱ་བར་སྐུལ་སྤེལ་བྱས་པ་དང་བསྟུན། བསྐྱར་འཛུགས་ལས་གཞིའི་ལུས་རྩལ་སྤྱི་གླིང་འཛུགས་སྐྲུན་དངོས་འབེབས་བྱེད་ཆེད། ཟླ11པའི་ཚེས17ཉིན་ཡུས་ཧྲུའུ་རྫོང་མཉམ་འབྲེལ་ཁྲིམས་འཛིན་རུ་ཁག་གིས་ཚོང་ར་གནས་སྤོར་རྒྱུ་ཐག་བཅད་པ་དང་། ཟླ11པའི་ཚེས17ཡར་སྔོན་དུ་མང་ཚོགས་དང་ཚོང་བ་སྐོར་ཞིག་སྡོད་ཁང་གསར་བར་གནས་སྤར་ཡོད།
རྒྱུས་ལོན་པ་ལྟར་ན། ཟླ11པའི་ཚེས17ཉིན་བར་དུ་གནས་སྐབས་བཀོད་སྒྲིག་ས་ཁུལ་གྱི་སྦྲ་གུར་ནང་སྡོད་པའི་མང་ཚོགས་མང་ཆེ་བ་ནི་ས་འགུལ་སྔོན་ལ་སྡོད་ཁང་མེད་པའི་མང་ཚོགས་ཡིན། ཟླ11པའི་ཚེས20ཉིན་རྟ་རྒྱུག་ར་བའི་ནང་དུ་བ་སྔོ་སློག་སློག་གིས་འཕྱུར་ཞིང་། འབྲེལ་ཡོད་མི་སྣས་ཚོང་ར་དང་འཚོ་སྡོད་ཁུལ་གྱི་གད་སྙིགས་མེར་བསྲེག་བཏང་སྟེ། མང་ཚོགས་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་སྦྲ་གུར་བསྡུ་གསོག་བྱས་ཏེ་གད་སྙིགས་དག་གཙང་སྦྲ་བྱེད་པར་བྲེལ་བཞིན་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10