མཚོ་སྔོན་ཡུལ་ཤུལ་གྱིས་མཐོ་སྒང་སྐྱེ་ཁམས་ཆུ་ཁར་འཕྱོ་བའི་གནས་གཞི་འཛུགས་རྒྱུ།

མིག་དམར་གྱིས་བསྒྱུར།        2014-11-03

 ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་བ10ཚེས24ཉིན་འབྱོར་བའི་གཏམ་གསར།གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་མི་དམངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་བ་ལྟར་ན།རྗེས་མའི་ལོ་གཉིས་ནང་ཡུལ་ཤུལ་གྲོང་ཁྱེར་གྱིས་ཁོངས་ནང་གི་འབྲི་ཆུའི་སྟོད་རྒྱུད་འབབ་ཡུལ་དུ་མཐོ་སྒང་སྐྱེ་ཁམས་ཆུ་ཁར་འཕྱོ་བའི་གནས་གཞི་བསྐྲུན་རྒྱུ་ཡིན་ཞིང་།དུས་ལྟར་རྒྱལ་ཁབ་ཕྱི་ནང་གི་མཐོ་སྒང་ཆུ་ཁར་འཕྱོ་བའི་རྣམ་གྲངས་གང་མང་གི་འགྲན་བསྡུར་དེ་གནས་དེར་སྤེལ་རེ་ཡོད་པ་རེད།
      ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་བོད་མཐོ་སྒང་གི་དབུལ་སུ་ཆགས་ཡོད་ཅིང་།རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི26.7ཡོད་པ་དང་མངའ་ཁོངས་སུ་ཆ་སྙོམས་རྒྱ་མཚོའི་ངོས་ལས་སྨི4000ཡོད། འབྲི་ཆུ་དང་རྨ་ཆུ། ཟླ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་ལ། འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ཆེས་མཐོ་བ་དང་རྒྱ་ཁྱོན་ཆེས་ཆེ་བ། ཆུ་དང་མཚེའུ་ཆེས་གཅིག་བསྡུས་ཡིན་པའི་ས་ཁུལ་གྱི་ཡ་གྱལ་ཞིག་ཀྱང་ཡིན།
      ཡུལ་ཤུལ་གྲོང་ཁྱེར་གྱི་རིག་གནས་དང་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ཕུར་བུ་རྒྱ་མཚོས་གསར་འགོད་པར་བཤད་དོན། ཆུ་ཁར་འཕྱོ་བའི་གནས་གཞི་བསྐྲུན་རྗེས། གསོ་སྦྱོང་དང་འགྲན་བསྡུར། ཡུལ་སྐོར། བདེན་དཔང་ར་སྤྲོད་སོགས་བྱེད་ནུས་གཅིག་བསྡུས་བྱ་རྒྱུ་ཡིན་ཞིང་།དེ་ནས་བཟུང་རྒྱལ་ནང་གི་ཆུ་ཁར་འཕྱོ་བའི་ལུས་རྩལ་པའི་ཐོབ་ཐང་བདེན་དཔང་ར་སྤྲོད་བྱེད་པར་ཕན་པ་ལྡན་པ་རེད།དུས་མཚུངས་སུ་ཡུལ་ཤུལ་གྲོང་ཁྱེར་གྱིས་གྲོང་ཁུལ་དུ་བཞུར་བའི་རྫ་ཆུ་སོགས་ཀྱི་ཆུ་རྒྱུད་དུ་གྲོང་ཁྱེར་ཆུ་ཁར་འཕྱོ་བ་སོགས་ཀྱི་རྣམ་གྲངས་གསར་སྦོལ་བྱས་ནས་ཆེད་ལས་མིན་ཡང་ཆུ་ཁར་འཕྱོ་བར་དགའ་ཞེན་ཡོད་མཁན་ཚོའི་རེ་འདོད་སྐོང་དུ་འཇུག་རྒྱུ་རེད།ཕྱི་རོལ་ལུས་རྩལ་ཞིག་ཡིན་པའི་ཆ་ནས་ཆུ་ཁར་འཕྱོ་བའི་ལུས་རྩལ་ནི་དུས་རབས་སྔོན་མའི་ལོ་རབས་བཞི་བཅུ་དང་ལྔ་བཅུར་དར་བ་ཞིག་ཡིན་ཞིང་།དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུར་ཀྲུང་གོར་སྤེལ་བ་རེད།འདིར་ཞུགས་མཁན་ཕལ་ཆེར་གྱིས་སྒུལ་ཤུགས་མེད་པའི་གྲུ་ཆུང་སོགས་ཀྱི་སྒྲིག་ཆས་སྤྱད་ཅིང་།སྐྱ་བ་དང་སྐྱ་ལེབ་སྤྱད་ནས་ཁ་ཕྱོགས་ཚོད་འཛིན་བྱས་ཏེ་སྐབས་རེར་དྲག་པོར་རྒྱུག་པ་དང་མཚམས་རེར་ལྷོད་པོར་འབབ་པའི་ཆུ་རྒྱུན་ནང་འབབ་ཕྱོགས་དང་བསྟུན་ནས་བསྐྱོད་པ་རེད། ། 
  • ལེ་ཚན་སྔོན་མ།:སྐབས་བརྒྱད་པའི་ཁམས་པའི་རིག་གནས་ལྗོངས་རྒྱུའི་སྒྱུ་རྩལ་དུས་ཆེན་དང་ཡུལ་ཤུལ་རྟ་རྒྱུག་འགྲན་ཚོགས་ཚོགས་འགོ་ཚུགས།
  • ལེ་ཚན་རྗེས་མ།:ཡུལ་ཤུལ་ཁུལ་གྱི་འབྲོག་པ་ཁྲི13.3གློག་མེད་པའི་འཚོ་བ་སྐྱེལ་མཇུག་འགྲིལ་བ།
  • དོ་སྣང་ཆེ་བའི་རྩོམ།