ཡུས་ཧྲུའུ་ཁྲ་འགུ་དགོན་པའི་སློབ་ཆུང་གི་འཚོ་བ་གསར་བ།
རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། ཞིན་ཧྭ་དྲ་བ 2012-03-21
མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྐྱེ་རྒུ་གྲོང་རྡལ་ཁྲ་འགུ་དགོན་པའི་ནང་དུ་ས་གནས་དེ་གར་མཚན་སྙན་ཡོད་པའི་དགོན་སྡེའི་སློབ་ཆུང་ཞིག་ཡོད་ལ། བན་ཕྲུག30ལྷག་གིས་དེ་རུ་སློབ་སྦྱོང་བྱེད་བཞིན་ཡོད། ས་འགུལ་མ་བྱུང་སྔོན་ལ་དགོན་པའི་སློབ་ཆུང་དེའི་བསླབ་གཞི་ལ་བོད་ཡིག་དང་རྒྱ་ཡིག ཆོས་གཞུང་བཅས་དང་། གཞན་ཡང་དབྱིན་ཡིག་དང་ལུས་རྩལ། རྩིས་འཁོར་སོགས་ཀྱི་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད། ས་འགུལ་གྱི་གནོད་སྐྱོན་འོག སློབ་མ་རྣམས་གནས་སྐབས་སྡོད་ཁང་དུ་སློབ་ཁྲིད་ལ་ཞུགས་ཤིང་། སློབ་ཁྲིད་ཀྱང་ཆོས་གཞུང་དང་བོད་ཡིག རྒྱ་ཡིག་བཅས་ལས་བཀོད་སྒྲིག་བྱས་མེད། དགོན་པས་བན་ཕྲུག་རྣམས་ལ་ཟ་མ་དང་སྡོད་ཁང་མཁོ་འདོན་བྱེད་བཞིན་ཡོད་པ་མ་ཟད། ད་རུང་ཟླ་རེར་ཁོ་ཚོར་གྲོན་དངུལ་རྩག་རྩིག་སྟེར་བཞིན་ཡོད།