ཡུས་ཧྲུའུ་གནོད་ཁུལ་གྱི་སློབ་མས་སློབ་གྲྭ་གསར་བའི་ནང་སློབ་སྐབས་གསར་བ་བསུས་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར    ཞིན་ཧྭ་དྲ་བ།    2012-03-14

ཟླ3པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་གནོད་ཕྱིའི་བསྐྱར་འཛུགས་ཀྱི་སློབ་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་བསྡུས་ཏེ། བྱིས་པ་རྣམས་ཀྱིས་སློབ་གྲྭ་གསར་བའི་ནང་སློབ་སྐབས་གསར་བར་རྟེན་འབྲེལ་ཞུས། 2010ལོའི་ཡུས་ཧྲུའུ4.14ས་འགུལ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་གྱིས་སྔ་རྗེས་སུ་ཧྲན་ཞི་དང་ཧི་པེ། སི་ཁྲོན། ལེའོ་ཉིང་། ཧྲན་ཏུང་། ཉིན་ཞ། ཐེན་ཅིན་སོགས་ཞིང་ཆེན་དང་གྲོང་ཁྱེར་མང་པོ་ཞིག་ཏུ་ཡུས་ཧྲུའུ་སློབ་མ8605བཀོད་སྒྲིག་བྱས། དུས་ཡུན་ལོ་གཉིས་ལ་བསྐྱར་འཛུགས་བྱས་རྗེས། མིག་སྔར་ཡུས་ཧྲུའུ་དུ་སློབ་གྲྭ14བསྐྱར་འཛུགས་བྱས་ཏེ་སློབ་སྐབས་གསར་བའི་ནང་གནས་སྤར་ཐུབ་པར་གྱུར། མིག་སྔར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་སློབ་མ47957ཐོ་འགོད་བྱས་ཡོད་ལ། དེའི་ནང་ཡུལ་གཞན་ནས་ཕྱིར་ལོག་པའི་སློབ་མ3242ཡོད། ཟླ3པའི་ཚེས15ཉིན་གྱི་སྔོན་ལ་ཡུས་ཧྲུའུ་ཡི་སློབ་གྲྭ་ཚང་མ་ཕྱོགས་ཡོངས་ནས་སློབ་འགོ་རྩོམ་རྒྱུ་རེད། སྐབས་དེར་སློབ་མ17000ལྷག་གིས་སློབ་ར་གསར་བའི་ནང་སློབ་སྐབས་གསར་བ་བསུ་རྒྱུ་ཡིན་ལ། དེས་གནོད་ཕྱིའི་བསྐྱར་འཛུགས་སློབ་གྲྭའི་སློབ་མ་ཡོངས་ཀྱི37.8%ཟིན་ཡོད། གཞན་སློབ་གྲྭ27འཆར་གཞི་ལྟར་ན2012ལོའི་ཟླ9བའི་སྔོན་ལ་ལེགས་འགྲུབ་འབྱུང་ངེས། །

ཡུས་ཧྲུའུ་གནོད་ཁུལ་གྱི་སློབ་མས་སློབ་གྲྭ་གསར་བའི་ནང་སློབ་སྐབས་གསར་བ་བསུས་པ།

ཟླ3པའི་ཚེས7ཉིན། ཡུས་ཧྲུའུ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དམའ་འབྲིང་གསུམ་པའི་སློབ་མས་སློབ་དེབ་གསར་བར་ལྟ་བཞིན་པ། 

ཡུས་ཧྲུའུ་གནོད་ཁུལ་གྱི་སློབ་མས་སློབ་གྲྭ་གསར་བའི་ནང་སློབ་སྐབས་གསར་བ་བསུས་པ།

ཟླ3པའི་ཚེས7ཉིན། ཡུས་ཧྲུའུ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་མས་སློབ་ཁང་གསར་བའི་ནང་སློབ་ཁྲིད་ལ་ཉན་བཞིན་པ།

ཡུས་ཧྲུའུ་གནོད་ཁུལ་གྱི་སློབ་མས་སློབ་གྲྭ་གསར་བའི་ནང་སློབ་སྐབས་གསར་བ་བསུས་པ།

ཟླ3པའི་ཚེས7ཉིན། ཡུས་ཧྲུའུ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་མ་རིག་འཛིན་དང་ཁོའི་སློབ་གྲོགས་གཉིས་ལུས་རྩལ་ར་བའི་ནང་རྩེད་འཇོར་རོལ་བཞིན་པ།

ཡུས་ཧྲུའུ་གནོད་ཁུལ་གྱི་སློབ་མས་སློབ་གྲྭ་གསར་བའི་ནང་སློབ་སྐབས་གསར་བ་བསུས་པ།

ཟླ3པའི་ཚེས10ཉིན། ཡུས་ཧྲུའུ་མི་རིགས་སློབ་འབྲིང་དང་པོའི་ལུས་རྩལ་ར་བའི་ནང་སློབ་འགོ་གསར་བ་ཚུགས་པའི་འགོ་རྩོམ་མཛད་སྒོ་བསྡུས་པ། 

ཡུས་ཧྲུའུ་གནོད་ཁུལ་གྱི་སློབ་མས་སློབ་གྲྭ་གསར་བའི་ནང་སློབ་སྐབས་གསར་བ་བསུས་པ། 

ཟླ3པའི་ཚེས10ཉིན། ཡུས་ཧྲུའུ་ཁུལ་བརྒྱད་གཅིག་དྭ་ཕྲུག་སློབ་གྲྭའི་སློབ་མ་སློབ་འགོ་གསར་བ་ཚུགས་པའི་མཛད་སྒོར་ཞུགས་པ། 

  • ལེ་ཚན་སྔོན་མ།:ཡུས་ཧྲུའུ་ས་འགུལ་གནོད་ཐེབས་ས་ཁུལ་གྱི85.9%ཡི་འབྲོག་དམངས་དང་གྲོང་རྡལ་སྡོད་དམངས་ཀྱི་སྡོད་ཁང་བསྐྱར་འཛུགས
  • ལེ་ཚན་རྗེས་མ།:ཡུས་ཧྲུའུ་ཁྲ་འགུ་དགོན་པའི་སློབ་ཆུང་གི་འཚོ་བ་གསར་བ།
  • དོ་སྣང་ཆེ་བའི་རྩོམ།