ཡུས་ཧྲུའུ་ས་འགུལ་གནོད་ཐེབས་ས་ཁུལ་གྱི85.9%ཡི་འབྲོག་དམངས་དང་གྲོང་རྡལ་སྡོད་དམངས་ཀྱི་སྡོད་ཁང་བསྐྱར་འཛུགས་ལེགས་འགྲུབ་བྱས་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར    ཞིན་ཧྭ་དྲ་བ    2012-03-09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སྐབས་བཅུ་པའི་རྒྱལ་ཡོངས་དམངས་འཐུས་གྲོས་ཚོགས་ཐེངས་ལྔ་བའི་མཚོ་སྔོན་འཐུས་ཚབ་ཚོགས་པ་ནས་རྒྱུས་ལོན་པ་ལྟར་ན། 2011ལོའི་བཟོ་འགོད་མཇུག་བསྒྲིལ་བའི་བར་དུ། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ས་འགུལ་གནོད་ཐེབས་ས་ཁུལ་གྱི85.9%ཡི་འབྲོག་དམངས་དང་གྲོང་རྡལ་སྡོད་དམངས་ཀྱི་སྡོད་ཁང་བསྐྱར་འཛུགས་ལེགས་འགྲུབ་བྱས་ཡོད།

རྒྱུས་ལོན་པ་ལྟར་ན། ཡུས་ཧྲུའུ“4.14”ས་འགུལ་བསྐྱར་འཛུགས་བྱ་བ་སྤེལ་ཏེ་ད་ལྟའི་བར་དུ། བསྡོམས་པས་ལས་གཞི843བསྐྱར་འཛུགས་བྱེད་འགོ་བརྩམས་པ་དང་། དེས་འཆར་བཀོད་ལས་གཞི་ཡོངས་ཀྱི66%ཟིན་ཡོད་ལ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར208.9ལེགས་འགྲུབ་བྱས།

དེའི་ནང་ཤང་གྲོང་སྡོད་ཁང་ལེགས་འགྲུབ་བྱེད་ཚད85.9%ལ་སླེབས་ཤིང་། རོང་འབྲོག་པ་མང་ཆེ་བ་དང་གྲོང་རྡལ་སྡོད་དམངས་སྐོར་ཞིག་སྡོད་ཁང་གསར་བར་གནས་སྤར་ཡོད་ལ། གྲྭ་ཤག་ལེགས་འགྲུབ་བྱེད་ཚད96%ལ་སླེབས། ས་འགུལ་གནོད་ཐེབས་ཁུལ་གྱི་སློབ་གྲྭ་ཕལ་ཆེ་བར་བཀོལ་སྤྱོད་བྱས་ཆོག་པའི་ཆ་རྐྱེན་འཛོམས་ཡོད་པ་དང་། སྨན་ཁང་ཚང་མའང་བསྐྱར་འཛུགས་བྱེད་བཞིན་ཡོད། ཡུས་ཧྲུའུ་ཁུལ་སྲིད་གཞུང་ཡོད་སའི་སྐྱེ་རྒུ་གྲོང་རྡལ་གྱི་འགྲིམ་འགྲུལ་དང་ཆུ་འདོན་སྒྲིག་ཆས། གད་སྒྲིག་ཐག་གཅོད་སོགས་ཀྱི་གྲོང་ཁྱེར་སྲིད་འཛིན་སྒྲིག་ཆས་ཕལ་ཆེ་བ་བསྐྱར་འཛུགས་ལེགས་འགྲུབ་བྱས་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཆར་འགོད་ལྟར་ན། 2013ལོའི་ཟླ6པའི་ཟླ་མཇུག་བར་དུ་ཡུས་ཧྲུའུ་ས་འགུལ་གནོད་ཐེབས་ཁུལ་གྱི་ལོ་གསུམ་རིང་གི་བསྐྱར་འཛུགས་དུས་ཡུན་མཇུག་བསྒྲིལ་བ་རེད། ད་ལོ་ནི་ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་འཛུགས་ཀྱི་ལོ་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱིས་འཆར་བཀོད་ལྟར་ན་མ་དངུལ་སྒོར་དུང་ཕྱུར150ཡན་ལེགས་འགྲུབ་བྱེད་རྒྱུ་ཡིན་པ་དང་། དུས་བཅད་ལྟར་བསྐྱར་འཛུགས་སླར་གསོའི་ལས་འགན་གཙོ་བོ་དག་ལ་རྨང་གཞི་འདིང་རྒྱུ་རེད། །

  • ལེ་ཚན་སྔོན་མ།:ཟི་ལིང་ས་ཁུལ་གྱི་བུད་མེད་རྣམས་ཀྱིས་གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་བའ
  • ལེ་ཚན་རྗེས་མ།:ཡུས་ཧྲུའུ་གནོད་ཁུལ་གྱི་སློབ་མས་སློབ་གྲྭ་གསར་བའི་ནང་སློབ་སྐབས་གསར་བ་བསུས་པ།
  • དོ་སྣང་ཆེ་བའི་རྩོམ།