མཚོ་སྔོན་གསར་འགྱུར་དྲ་བ། 2012-03-05
འཁྲབ་སྟོན་ཚོགས་འདུའི་སྟེང་མཚོ་སྔོན་གྱི་ལས་རིགས་ཁག་གི་བུད་མེད་རྣམས་དགའ་སྤྲོའི་ངང་ལྷན་དུ་འཛོམས་ནས་གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས། འཁྲབ་སྟོན་གྱིས་གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་བསུ་བ་བྱེད་པ་བརྗོད་བྱ་གཙོ་བོར་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་ལས་རིགས་བཅུ་གསུམ་ནས་ཡོང་བའི་བུད་མེད་རྣམས་ཀྱིས་རང་གིས་བསྒྲིགས་པའི་ཡིད་དབང་འཕྲོག་པའི་ལེ་ཚན་འཁྲབ་སྟོན་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་བུད་མེད་རྣམས་ཀྱི་དུས་རབས་ཀྱི་རྣམ་འགྱུར་མངོན་པ་དང་། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་སོ་སོའི་ངལ་རྩོལ་བུད་མེད་རྣམས་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་པའི་བསམ་པའི་རྣམ་པ་མཚོན་པར་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10