ཡུས་ཧྲུའུ་ཁུལ་དུ་བསྟུད་མར་ཁངས་བབས་ཏེ་ཁྲི་འདུ་རྫོང་གི་ཞང་དང་གྲོང་རྡལ་བཞི་ལ་ཁངས་གནོད་ཅུང་ཙམ་ཐེབས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།    2012-01-15

ཡུས་ཧྲུའུ་ཁུལ་དུ་བསྟུད་མར་ཁངས་བབས་ཏེ་ཁྲི་འདུ་རྫོང་གི་ཞང་དང་གྲོང་རྡལ་བཞི་ལ་ཁངས་གནོད་ཅུང་ཙམ་ཐེབས་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་1པོའི་ཚེས2ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་བསྟུད་མར་ཁངས་བབས་ནས། མིག་སྔར་འདམ་མདའ་གྲོང་རྡལ་དང་དེའི་མཐའ་འཁོར་དུ་ཁངས་ལིས་རྨིད8ཙམ་ཆགས་པ་དང་། རི་མཐོ་སར་ཁངས་ལིས་རྨིད12ཡན་ཆགས།

  རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཟླ1པོའི་ཚེས13ཉིན་བར་དུ། འདམ་མདའ་གྲོང་རྡལ་དང་དེའི་མཐའ་འཁོར་གྱི་ཞང་དང་གྲོང་རྡལ་དུ་ལིས་རྨིད3ཡན་གྱི་ཁངས་ཉིན12རིང་ལ་ཞུ་མ་ཐུབ་པས། ཁྲི་འདུ་རྫོང་གི་ཞང་དང་གྲོང་རྡལ་བཞི་ལ་ཁངས་གནོད་ཅུང་ཙམ་ཐེབས། འདམ་མདའ་རྫོང་གནམ་གཤིས་རྟོག་དཔྱོད་ཁང་གི་ལས་བྱེད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིར་ཁངས་བབས་པའི་དུས་ཚོད་ཅུང་རིང་བ་དང་། དྲོད་གྲང་གོར་ཐིག་མན་གྱི30ལྷག་ལ་སླེབས་པས། དུས་ཚོད་ཐུང་ངུ་ཞིག་གི་ནང་ཁངས་ཞུ་མ་ཐུབ་ལ། ས་དེའི་ཕྱུགས་ལས་ཐོན་སྐྱེད་དང་ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལ་ཤན་ཤུགས་ཆེན་པོ་ཐེབས་ཟེར།  


 

  • ལེ་ཚན་སྔོན་མ།:ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་དགུན་ཁའི་མེ་འགོག་བྱ་བ་བཟང་བོར་བསྒྲུབ་པར་བཀོད་སྒྲིག་བྱས་པ།
  • ལེ་ཚན་རྗེས་མ།:ཡུས་ཧྲུའུ་གནོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གིས་སློབ་མགོ་ཚུགས་པའི་དུས་ཚོད་ཟླ་གསུམ་པའི་ཚེས་ལྔ་རུ་བསྣུར།
  • དོ་སྣང་ཆེ་བའི་རྩོམ།