བདེ་སྐྱིད་འཚོ། མཚོ་སྔོན་གསར་འགྱུར་དྲ་བ། 2011-11-29
མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་དགུན་ཁའི་མེ་འགོག་བྱ་བ་བཟང་བོར་བསྒྲུབ་པ་དང་། མེ་སྐྱོན་སྣ་ཚོགས་མི་འབྱུང་བར་བྱེད་ཆེད། ཚེས་བཅུ་བཞི་ཉིན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མེ་གསོད་མཉམ་ཞུགས་བྱ་བའི་གྲོས་ཚོགས་བསྡུས་ནས། མེ་འགོག་བདེ་འཇགས་ལ་ཞིབ་བཤེར་ཆེན་པོ་བྱེད་པར་བཀོད་སྒྲིག་བྱས། ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་དང་། སྤྱི་བདེ། བདེ་འཇགས་ལྟ་སྐུལ། རིག་གནས། བཟོ་ཚོང་། མཁར་གྲོང་དོ་དམ། མེ་འགོག་གློག་འདོན་དང་དེ་མིན་གནས་སྐབས་བཀོད་སྒྲིག་ཨུ་ཡོན་ལྷན་ཁང་སོགས་མེ་འགོག་མཉམ་ཞུགས་ཁོངས་གཏོགས་ལས་ཁུངས་དང་འཛུགས་སྐྲུན་དོ་དམ་ཨུ་ཡོན་ལྷན་ཁང་སོ་སོའི་འགན་འཁུར་པ་སུམ་ཅུ་ལྷག་གྲོས་ཚོགས་སུ་ཞུགས།
ཁུལ་སྲིད་གཞུང་གིས་ཚེས་བཅུ་བཞི་ནས་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་བར་སྣེ་ཁྲིད་དེ། མེ་འགོག་བདེ་འཇགས་བྱ་བའི་ཞིབ་བཤེར་ཚན་ཆུང་གསུམ་དུ་བགོས་ནས་ཡུས་ཧྲུའུ་རྫོང་སྐྱེ་རྒུ་གྲོང་བརྡལ་གྱི་སྟབས་བདེ་ཁང་བ་དང་། སྦྲ་གུར་གླུ་ལེན་གར་རྩེད་ཁང་དང་། ཁྲུས་ཁང་སོགས་སྤྱི་པའི་རོལ་རྩེད་བྱེད་ས། མགྲོན་ཁང་དང་། སྦྲ་གུར་མགྲོན་ཁང་། ཟ་ཁང་། ཚོང་ཁང་དང་སྡེབ་འཚོང་ཚོང་ར་སོགས་ལ་མེ་འགོག་བདེ་འཇགས་ཐད་ནས་ཞིབ་བཤེར་ཞིབ་མོ་བྱེད་རྒྱུའི་ཐག་བཅད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10