མཚོ་སྔོན་གྱིས་མ་དངུལ་སྒོར་ཁྲི16038བཏང་ནས་ཡུས་ཧྲུའུ་གནོད་ཐེབས་མང་ཚོགས་ཀྱིས་དྲོད་སྐྱིད་ངང་དགུན་བསྐྱལ་བར་ཁག་ཐེག་བྱས་པ།
རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར མཚོ་སྔོན་གསར་འགྱུར་དྲ་བ 2011-11-21
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་ཕྱིའི་བསྐྱར་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་གཞིགས་ན། ཞིང་ཆེན་དམངས་སྲིད་ཐིན་དང་ནོར་སྲིད་ཐིན་གྱིས་ཡུས་ཧྲུའུ་ཁུལ་གནོད་ཐེབས་མང་ཚོགས་ལ་དགུན་བསྐྱལ་དྲོད་ལེན་ཁ་གསབ་མ་དངུལ་སྒོར་ཁྲི16038བཏང་ནས། གནོད་ཐེབས་མང་ཚོགས་ཀྱི་དགུན་དུས་ཀྱི་གཞི་རྩའི་འཚོ་བར་ཁག་ཐེག་བྱེད་རྒྱུ་རེད། དེའི་ནང་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཡུས་ཧྲུའུ་ས་འགུལ་ལ་ཞལ་འདེབས་ཕུལ་བའི་མ་དངུལ་ཁྲོད་སྒོར་ཁྲི10600དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་ཡུས་ཧྲུའུ་གནོད་འགོག་རྒུད་སྐྱོབ་ལ་ཞལ་འདེབས་ཕུལ་བའི་མ་དངུལ་ཁྲོད་སྒོར་ཁྲི5438བླངས་ནས་ཁ་གསབ་བྱེད་རྒྱུ་རེད།