ཡུས་ཧྲུའུ་ཁུལ་གྱི་མགོ་ཁྲིད་པས་ཡུས་ཧྲུའུ་ས་འགུལ་གནོད་ཐེབས་ས་ཁུལ་དུ་བཅར་འདྲིའི་བྱ་བ་སྒྲུབ་བཞིན་པའི་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་གསར་འགོད་པར་འཚམས་འདྲི་ཞུས་པ།

བཀྲ་ཤིས་འབུམ།    མཚོ་སྔོན་ཉིན་རེའི་ཚགས་པར།    2011-11-11

ཚེས་བརྒྱད་ཉིན་ནི་ཀྲུང་གོ་གསར་བའི་གསར་འགོད་པའི་དུས་ཆེན་ཐེངས་བཅུ་གཉིས་པ་ཡིན་པས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་པ་ཉིན་དེའི་དགོང་མོར་ཡུས་ཧྲུའུ་ས་འགུལ་གནོད་ཐེབས་ས་ཁུལ་དུ་སོང་ནས་བཅར་འདྲིའི་བྱ་བ་སྒྲུབ་བཞིན་པའི་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་གསར་འགོད་པ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས།

འཚམས་འདྲི་བྱེད་སྐབས་ཡུས་ཧྲུའུ་ཁུལ་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པ་རྣམས་ཀྱིས་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཡུལ་དངོས་སུ་བཅར་འདྲིའི་ལས་ལ་འབད་བཞིན་པའི་ཞིང་ཆེན་ནང་ཁུལ་གྱི་གསར་འགོད་པ་རྣམས་ལ་རིག་རྩལ་ལེ་ཚན་སྣ་ཚོགས་འཁྲབ་སྟོན་བྱས་པར་མ་ཟད། ཁོ་ཚོའི་བྱ་བ་དང་འཚོ་བའི་གནས་ཚུལ་ཞིབ་འདྲི་བྱས། ཡུས་ཧྲུའུ་ཁུལ་ཏང་ཨུ་དང་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་ལས་ཁུངས་སོ་སོ་ཡུས་ཧྲུའུ་ས་འགུལ་གནོད་ཐེབས་ས་ཁུལ་དུ་ཡོང་ནས་བསྐྱར་འཛུགས་བྱ་འགུལ་ལ་བཅར་འདྲི་བྱས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད་ཡུས་ཧྲུའུ་ཁུལ་གྱི་རིམ་པ་སོ་སོས་སྟོབས་ཤུགས་ཡོད་དགུ་བཏོན་ནས་གསར་འགོད་པ་རྣམས་ལ་ཞབས་ཕྱི་བཟང་བོ་བསྒྲུབ་པ་དང་བཅར་འདྲིའི་བྱ་བར་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་པའི་རེ་བ་བཏོན།

  • ལེ་ཚན་སྔོན་མ།:སི་ཁྲོན་ཁམས་པ་བརྙན་འཕྲིན་ཁང་གིས་ཡུས་ཧྲུའུ་གསར་འགོད་པའི་ས་ཚུགས་བཙུགས་པ། (པར)སྤེལ་དུས།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱིས་མ་དངུལ་སྒོར་ཁྲི16038བཏང་ནས་ཡུས་ཧྲུའུ་གནོད་ཐེབས་མང་ཚོགས་ཀྱིས་དྲོད་སྐྱིད་ངང་དགུན་བསྐྱལ་བ
  • དོ་སྣང་ཆེ་བའི་རྩོམ།