སི་ཁྲོན་ཁམས་པ་བརྙན་འཕྲིན་ཁང་གིས་ཡུས་ཧྲུའུ་གསར་འགོད་པའི་ས་ཚུགས་བཙུགས་པ། (པར)སྤེལ་དུས།

        2011-11-07

སི་ཁྲོན་ཁམས་པ་བརྙན་འཕྲིན་ཁང་གིས་ཡུས་ཧྲུའུ་གསར་འགོད་པའི་ས་ཚུགས་བཙུགས་པ། (པར)སྤེལ་དུས།
སི་ཁྲོན་ཁམས་པ་བརྙན་འཕྲིན་གྱིས་ཡུས་ཧྲུའུ་ཁུལ་དུ་སྡོད་པའི་གསར་འགོད་པའི་ས་ཚུགས་དངོས་སུ་བཙུགས་ཤིང་། ཡུས་ཧྲུའུ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའི་ས་འགུལ་རྗེས་ཀྱི་གནས་སྐབས་གཞུང་སྒྲུབ་ས་ཚིགས་བཙུགས་ཏེ་བདེ་འགྲོ་ཐང་དུ་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས།

ཡུས་ཧྲུའུ་དྲིལ་སྒྲོག་བྱེད་པ་དང་ཡུས་ཧྲུའུ་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བཅངས་ཏེ། ཡུས་ཧྲུའུ་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་འཕེལ་རྒྱས། དཔལ་འབྱོར་གོང་དུ་འཕེལ་བ། མི་དམངས་བདེ་ཞིང་སྐྱིད་པའི་ངང་འཚོ་བ་རོལ་བའི་རྣམ་པ་བཟང་བོ་བསྐྲུན་ཆེད། ཡུས་ཧྲུའུ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་སི་ཁྲོན་རྒྱང་སྒྲོག་གློག་བརྙན་འཕྲིན་གྲངས་ཉུང་མི་རིགས་སྐད་ཡིག་སྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་ཐེངས་མང་པོར་གྲོས་མོལ་བྱས་པ་བརྒྱུད་མཉམ་འབྲེལ་སྒོས་སི་ཁྲོན་ཁམས་པའི་བོད་སྐད་བརྙན་འཕྲིན་གྱི་ཡུལ་ཤུལ་གསར་འགོད་པའི་ས་ཚུགས་བཙུགས། ས་ཚིགས་འདིས་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག་ཚན་རིག་གི་འཕེལ་རྒྱས་ལྟ་བ་དོན་འཁྱོལ་དང་གནོད་འཚེ་རྗེས་ཀྱི་བསྐྱར་འཛུགས་བྱ་བར་སྐུལ་འདེད་བྱས་ནས། ཡུས་ཧྲུའུ་ཁུལ་གྱི་ལས་གྲོགས་རྣམས་དང་མཉམ་དུ་ཡུལ་དེ་གའི་གསར་འགྱུར་ཐོན་ཁུངས་ཕྱོགས་བསྡུས་སྒོས་ཡུལ་ཧྲུའུ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།


 

  • ལེ་ཚན་སྔོན་མ།:ཡུས་ཧྲུའུ་རྫོང་ཨ་ཁྲོ་ཤང་གི་རོང་འབྲོག་པ་ཚང་མ་གནས་སྤོར་བའི་མཛད་སྒོ་ཨ་ཁྲོ་ཤང་དུ་བསྡུས་པ།
  • ལེ་ཚན་རྗེས་མ།:ཡུས་ཧྲུའུ་ཁུལ་གྱི་མགོ་ཁྲིད་པས་ཡུས་ཧྲུའུ་ས་འགུལ་གནོད་ཐེབས་ས་ཁུལ་དུ་བཅར་འདྲིའི་བྱ་བ་སྒྲུབ་བཞིན་པའི་མཚོ
  • དོ་སྣང་ཆེ་བའི་རྩོམ།