ཡུས་ཧྲུའུ་རྫོང་ཨ་ཁྲོ་ཤང་གི་རོང་འབྲོག་པ་ཚང་མ་གནས་སྤོར་བའི་མཛད་སྒོ་ཨ་ཁྲོ་ཤང་དུ་བསྡུས་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    མཚོ་སྔོན་གསར་འགྱུར་དྲ་བ    2011-10-27

ཟླ10བའི་ཚེས25ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཨ་ཁྲོ་ཤང་རྒྱུན་ར་སྡེ་བ་རུ་དར་ཚོན་གྱིས་ཁེངས་ཤིང་དགའ་སྤྲོའི་ཁྱབ་སྟེ། གནས་འདི་རུ་ཨ་ཁྲོ་ཤང་གི་རོང་འབྲོག་པ་ཚང་མ་གནས་སྤོར་བའི་མཛད་སྒོ་སྤེལ།

ཨ་ཁྲོ་ཤང་རོང་འབྲོག་པའི་གཏན་སྡོད་ས་ཚིགས་འཛུགས་སྐྲུན་ལས་གཞི་དེ་ཀྲུང་གོ་བཟོ་སྐྲུན་ཀུང་ཟིས་རོགས་འཛུགས་བྱས་ཤིང་། སྡོད་ཁང་དང་གཞུང་ལམ། ཆུ་གློག་སྒྲིག་ཆས་སོགས་ལས་གཞི་ཆུང་བ87འདུས་ལ། བཟོ་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་མུས་གྲུ་བཞི་མ་ཁྲི42ལྷག་ཡོད་པ་དང་ལས་གཞིའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར15.89ལ་སླེབས། དེའི་ནང་ཨ་ཁྲོ་ཤང་གི་རོང་འབྲོག་པ་སྡོད་ཁང་ཁྱིམ་ཚང669དང་བཟོ་སྐྲུན་རྒྱ་ཁྱོན་མུས་གྲུ་བཞི་མ་ཁྲི5.3ལྷག་ལ་སླེབས་ཡོད་པ་དང་། ཨ་ཁྲོ་ཤང་གི་རྒྱུན་ར་སྡེ་བ་དང་ལྷ་རྩེ་སྡེ་བ། གཡས་རྒྱལ་སྡེ་བ། སྤུ་རོང་སྡེ་བ་དང་ཀླུ་ཡུལ་སྡེ་བ་སོགས་སྡེ་བ5ཡི་རོང་འབྲོག་པ་གཏན་སྡོད་ས་ཚིགས16ལ་ཁྱབ་ཡོད།

རྒྱུས་ལོན་པ་ལྟར་ན། ལས་གཞི་འདི་ན་ནིང་གི་ཟླ8པར་ལས་འགོ་བརྩམས་པ་ནས་བཟུང་། ཀྲུང་གོའི་བཟོ་སྐྲུན་ཀུང་ཟིས་ཚན་རིག་བསྐྱར་འཛུགས་ཀྱི་རྩ་དོན་གཞིར་བཟུང་སྟེ། ཆ་ཚང་བའི་སྤུས་ཚད་ཁག་ཐེག་མ་ལག་བཙུགས། འཛུགས་སྐྲུན་གོ་རིམ་ཁྲོད། རོགས་འཛུགས་ལས་ཁུངས་ཀྱིས་སྔོན་ཐོན་ལག་རྩལ་བཀོལ་བ་མ་ཟད། ད་རུང་རོང་འབྲོག་པའི་སྡོད་ཁང་ལས་གཞིའི་སྒེའུ་ཁུང་ལ་ཧ་ཡང་དང་འགྱིག་གི་ཉིས་རྩེག་བཟོས་ཡོད་པ་དང་ནང་སྒོ་ལ་སྤུས་ལེགས་ཤིང་གི་བཟོས་ཡོད་པས། ཁོར་ཡུག་སྲུང་སྐྱོང་དང་ནུས་གྲོན་གྱི་ནུས་པ་ཐོན་ཡོད་པ་མ་ཟད། བཟོ་འགོད་ཀྱི་སྤུས་ཚད་ལའང་ཁག་ཐེག་བྱས་ཡོད། །

  • ལེ་ཚན་སྔོན་མ།:ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྐྱེ་རྒུ་གྲོང་རྡལ་སྡེ་དགུ་སྡེ་བའི་ཁྱིམ་ཚང137ཁང་བ་གསར་བའི་ནང་སྤར་བ།
  • ལེ་ཚན་རྗེས་མ།:སི་ཁྲོན་ཁམས་པ་བརྙན་འཕྲིན་ཁང་གིས་ཡུས་ཧྲུའུ་གསར་འགོད་པའི་ས་ཚུགས་བཙུགས་པ། (པར)སྤེལ་དུས།
  • དོ་སྣང་ཆེ་བའི་རྩོམ།