མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-10-25
རྒྱུས་ལོན་པ་ལྟར་ན། ཁང་གསར་དུ་སྤར་བའི་འབྲོག་པ་ཁྱིམ་ཚང་རེ་རེར་ས་དེའི་ཁྱད་ཆོས་དང་མཐུན་པ་མ་ཟད་ནང་ལོག་གི་འཚོ་བའི་ཁྱད་ཆོས་ལྟར་མགྲོན་བསུ་ཁང་དང་། ཉལ་ཁང་། ཁ་ལག་བཀྲུ་ས། ཟ་ཁང་། མཆོད་ཁང་སོགས་ལས་ཡོད་པ་དང་། ཟ་ཁང་ནང་དུ་ཉི་འོད་ནུས་པའི་སྐྱེ་དངོས་ནུས་ཁུངས་གྲོན་ཆུང་བྱེད་པའི་ཐབ་ཀ་དང་ཆུ་ཁོལ་སྐོལ་ས་དང་། སྤྱོད་ཁང་ནང་དུ་ད་རུང་ལུས་ཕུང་བཀྲུ་ས་བཙུགས་ཡོད་ལ། ཁང་བའི་གྱང་ངོ་དང་ཁང་ཀླད་དུ་དྲོད་སྲུང་བའི་རྒྱུ་ཆ་སོགས་སྤྲད་ཡོད་པས་འབྲོག་པ་མང་ཚོགས་ལ་མཚོན་ན་སྟབས་ཧ་ཅང་ཇེ་བདེར་སོང་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10