གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་འཛུགས་བཀོད་འདོམས་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ9བའི་ཟླ་མཇུག་བར་དུ། ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་འཛུགས་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར139.74
ཡོངས་སྒྲུབ་བྱས་པ། ཡུས་ཧྲུའུ་ས་འགུལ་གྱི་གནོད་ཕྱིའི་བསྐྱར་འཛུགས་ལས་གཞིའི་སྤྱི་གྲངས་ནི1364ལ་སླེབས། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་ཕྱིའི་བསྐྱར་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་བཀོད་སྒྲིག་བྱས་པར་གཞིགས་ན། ད་ལོར་ཡུས་ཧྲུའུ་བསྐྱར་འཛུགས་ཐད་མ་དངུལ་སྒོར་དུང་ཕྱུར200བཏང་ནས་ལས་གཞི798བཀོད་སྒྲིག་བྱེད་རྒྱུ་ཡིན་ལ། ཧུར་བརྩོན་གྱིས་བསྐྱར་འཛུགས་ལས་གཞིའི་འཆར་བཀོད་ཇུས་འགོད་དང་ཞིང་སྡེའི་སྡོད་ཁང་བསྐྱར་འཛུགས་བཅས་དང་། གྲོང་རྡལ་སྡོད་ཁང་བསྐྱར་འཛུགས་ཕལ་ཆེ་བ་ལེགས་འགྲུབ་བྱེད་རྒྱུ་རེད། ལས་འགོ་བརྩམས་པའི་སྤྱི་བའི་ཞབས་ཞུ་སྒྲིག་ཆས་དང་རྨང་གཞི་སྒྲིག་ཆས་ལས་གཞི་ལ་སྒོར་དུང་ཕྱུར150ཡི་དངོས་རྫས་ཡོད།
མིག་སྔར་ཡུས་ཧྲུའུ་རྫོང་སྐྱེ་རྒུ་གྲོང་རྡལ་གྱི་སློབ་གྲྭ13འཛུགས་སྐྲུན་ལེགས་འགྲུབ་བྱས་ཡོད། སང་ལོའི་ཟླ3པར་ཞིང་ཆེན་གཞན་པ་ནས་སློབ་གྲྭ་འགྲིམ་བཞིན་པའི་སློབ་མ5074ཡིས་སློབ་གྲྭ་གསར་བ་ནས་སློབ་འགོ་གསར་བ་བསུ་རྒྱུ་རེད།