ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོའི་བོད་ལྗོངས་དྲ་བ 2011-10-12
བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་དབུལ་ཕོངས་ས་ཁུལ་གྱི་སློབ་མ་དཀའ་ཁག་ཅན་ལ་རོགས་འདེགས་བྱེད་ཆེད། ཀྲུང་གོ་གློག་འཕྲིན་མ་རྐང་ཚད་ཡོད་ཀུང་ཟི་ཡུན་ནན་ཡན་ལག་ཀུང་ཟིས་བདེ་ཆེན་རྫོང་གི་ཞིང་སྡེ་གཉིས་སུ་སྒོར་ཁྲི10ཡི་དབུལ་སྐྱོར་སློབ་རོགས་ཆེད་སྤྱོད་མ་དངུལ་བཙུགས་པ་མ་ཟད། ཡུན་ནན་ཞིང་ཆེན་མི་རིགས་སློབ་འབྲིང་དང་དབུལ་སྐྱོར་གན་རྒྱ་བཞག་སྟེ2008ལོ་ནས་བཟུང་། ལོ་རེར་སློབ་ཆུང་འགྲིམ་བཞིན་པའི་ཕུལ་བྱུང་བོད་རིགས་སློབ་མ4ཁོན་མིན་གྲོང་ཁྱེར་གྱི་སློབ་འབྲིང་དུ་རིན་མི་དགོས་པར་སློབ་གྲྭ་འགྲིམ་པར་རོགས་སྐྱོར་བྱས་པ་དང་། “སློབ་གསོའི་རོགས་སྐྱོར”གྱི་བྱེད་ཐབས་འདིས་ས་དེའི་སློབ་གྲྭ་འགྲིམ་རན་པའི་བྱིས་པ་སློབ་གྲྭ་ཞུགས་ཚད98%ཡན་ལ་ཟིན་པ་མ་ཟད། དབུལ་ཕོངས་ས་ཁུལ་ནས་ཐོན་པའི་བོད་རིགས་སློབ་མ80ཁོན་མིན་གྲོང་ཁྱེར་དུ་སློབ་གྲྭ་འགྲིམ་པའི་མཐུན་རྐྱེན་སྐྲུན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10