མཚོ་སྔོན་གསར་འགྱུར་དྲ་བ། 2012-03-02
གསར་འགོད་པས་ཡུས་ཧྲུའུ་ཁུལ་སློབ་གསོ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཡུས་ཧྲུའུ་ཁུལ་དུ་བསྟུད་མར་ཉིན་འགར་ཁ་བ་བབས་ནས་དྲོད་གྲངས་ཇེ་དམའ་རུ་སོང་བས། སློབ་མའི་འགྲོ་སྐྱོད་དང་སློབ་གྲྭའི་ཆུ་གློག་སོགས་ཀྱི་ལས་ཀ་ལས་བར་གནོད་རྐྱེན་བཟོས་ཡོད། ཡུས་ཧྲུའུ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གིས་སློབ་མགོ་ཚུགས་པའི་དུས་ཚོད་ཟླ་གསུམ་པའི་ཚེས་ལྔ་རུ་བསྣུར།ཟླ་གཉིས་པའི་ཚེས་ཉེར་བརྒྱད་ནས་བཟུང་། ཡུས་ཧྲུའུ་ཁུལ་གྱི་ས་གནས་མང་ཆེ་ཤོས་སུ་བསྟུད་མར་ཉིན་འགར་ཁ་བ་བབས། གསར་འགོད་པས་ཡུས་ཧྲུའུ་རྫོང་སྐྱེ་དགུ་གྲོང་རྡལ་ནས་མཐོང་བ་ལྟར་ན། སྲང་ལམ་གཙོ་བོར་དར་ཆགས་པས་རླངས་འཁོར་བགྲོད་ཚད་མངོན་བསལ་གྱི་ཇེ་དལ་དུ་སོང་ཡོད་ལ། རོགས་སྐྲུན་ལས་ཁུངས་ཀྱིས་སློབ་གྲྭའི་ཆུ་གློག་དང་དྲོད་རླངས་བཅས་ཀྱི་ལས་ཀ་ལས་པར་གནོད་རྐྱེན་བཟོས་ཡོད། སློབ་མགོ་ཚུགས་ཡུན་རྗེས་སུ་བསྣུར་བ་དེ་དགེ་སློབ་རྣམས་ཀྱིས་སློབས་སྐབས་གསར་བ་རེ་སྒུག་བྱེད་པའི་སྤྲོ་སེམས་ད་དུང་ཡལ་མེད། བྱིས་པ་མང་པོས་སྒུག་ལོང་མེད་པར་སློབ་གྲྭར་ཡོང་ནས་ཁོར་ཡུག་གསར་བ་དང་དགེ་རྒན་གསར་བ། སློབ་གྲྭ་གསར་བ་བཅས་ལ་རྒྱུས་ལོན་བྱེད་ཀྱིན་ཡོད།སློབ་སྐབས་གསར་བར་དགེ་རྒན་རྣམས་ཀྱིས་སྔ་མོ་ནས་གྲ་སྒྲིག་བྱེད་བཞིན་ཡོད་དེ། རྒྱུན་ལྡན་གྱི་གཙང་སྦྲ་དང་སློབ་ཁང་བཀོད་སྒྲིག་བྱེད་པ་ལས། ཡུས་ཧྲུའུ་ཆ་ཚང་སློབ་ཆུང་བཞི་བའི་དགེ་རྒན་རྣམས་ཀྱིས་ད་དུང་སློབ་ཁྲིད་གྲ་སྒྲིག་ཡང་གང་ལེགས་བྱས་ཡོད།ཡུས་ཧྲུའུ་ཁུལ་སློབ་གསོ་ཅུའུ་ཡི་ལས་བྱེད་པས་མཚམས་སྦྱོར་བྱས་པ་ལྟར་ན། ཟླ་གསུམ་པའི་ཚེས་ལྔ་ཉིན། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་བཅུ་དྲུག་གི་སློབ་མ་ཆིག་ཁྲི་དྲུག་སྟོང་དགུ་བརྒྱ་ང་དགུར་སློབ་གྲྭ་གསར་བ་རུ་འབྱོར་ཐོ་བཀོད་ནས་སློབ་དེབ་གསར་བ་ལེན་པ་དང་། སློབ་གྲྭའི་ཁོར་ཡུག་གསར་བ་དེ་ལ་རྒྱུས་ལོན་བྱ་རྒྱུ་དང། ཟླ་གསུམ་པའི་ཚེས་དྲུག་ཉིན་དངོས་སུ་སློབ་ཁྲིད་བྱ་རྒྱུ་རེད། ཟླ་གསུམ་པའི་ཚེས་བཅུ་ཉིན་ཡུས་ཧྲུའུ་ཁུལ་གྱིས་སློབ་གྲྭ་རེ་རེ་ནས་སློབ་སྐབས་གསར་བའི་མགོ་ཚུགས་མཛད་སྒོ་བསྡུ་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10