ཡུས་ཧྲུའུ་བསྐྱར་འཛུགས་ཀྱི་རོང་འབྲོག་པའི་གཏན་སྡོད་ཁང་བ་བཟོ་འགོད་ལས་སྡོད་ཁང4213འཛུགས་སྐྲུན་བྱེད་འགོ་བརྩམས་པ།

རྡོ་རྗེ་བསམ་འགྲུབ    མཚོ་སྔོན་གསར་འགྱུར་དྲ་བ།    2011-08-17

ཟླ8པའི་ཚེས15ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ། ཡུས་ཧྲུའུ་བསྐྱར་འཛུགས་ཀྱི་རོང་འབྲོག་པའི་གཏན་སྡོད་ཁང་བ་བཟོ་འགོད་ལས་སྡོད་ཁང4213འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། ཟླ9བའི་ཟླ་མཇུག་སྔོན་ལ་སྡོད་ཁང3692བཀོལ་སྤྱོད་བྱེད་ཐུབ།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་པུའུ་ཡིས་ཉེ་ལམ་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། མིག་སྔའི་བར་དུ། ཡུས་ཧྲུའུ་ས་ཁུལ་སོ་སོའི་རོང་འབྲོག་པའི་གཏན་སྡོད་ཁང་བའི་བཟོ་འགོད་ཀྱི་བསྐྱར་འཛུགས་བྱ་བར་ཞུགས་པའི་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས11གིས་བསྡོམས་པས་རོང་འབྲོག་པའི་གཏན་སྡོད་ཁང་བ4821འཛུགས་སྐྲུན་གྱི་གན་རྒྱ་བཞག་ལ། ཚོད་དཔག་ལྟར་ན་ཟླ9བའི་ཟླ་མཇུག་སྔོན་ལ་རྩིས་སྤྲོད་བྱས་ཏེ་བཀོལ་སྤྱོད་བྱེད་ཐུབ་རྒྱུ་རེད། 

  • ལེ་ཚན་སྔོན་མ།:སྐྱེ་རྒུ་གྲོང་བརྡལ་གྱི་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་བཟོ་སྐྲུན་ཐོག་མ་སྟེ་ཡུལ་ཤུལ་ཆ་ཚང་སློབ་ཆུང་གཉིས་
  • ལེ་ཚན་རྗེས་མ།:ཡུས་ཧྲུའུ་རྫོང་རག་སྟོད་ཞང་གི་དབུལ་ཕོངས་སློབ་མ་སུམ་ཅུར་ཧྲན་ཏུང་ཞིང་ཆེན་གྱི་ཁེ་ལས་མི་སྣས་རོགས་སྐྱོར་ཐོ
  • དོ་སྣང་ཆེ་བའི་རྩོམ།