སྐྱེ་རྒུ་གྲོང་བརྡལ་གྱི་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་བཟོ་སྐྲུན་ཐོག་མ་སྟེ་ཡུལ་ཤུལ་ཆ་ཚང་སློབ་ཆུང་གཉིས་པ།
ཞའོ་ཡན། མཚོ་སྔོན་ཉིན་རེའི་ཚགས་པར། 2011-08-12
ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན།ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་བཟོ་སྐྲུན་སྡེ་ཚོགས་ཀྱིས་སྒྲུབ་འགན་འཁུར་བའི་ཡུས་ཧྲུའུ་རྫོང་ཆ་ཚང་སློབ་ཆུང་གཉིས་པ་ནས་སློབ་ཆུང་དེ་ལས་ནས་གྲུབ་པའི་མཛད་སྒོ་བསྡུས།སློབ་གྲྭ་དེ་བཙུགས་རྗེས་བྱིས་པ་རྣམས་ཀྱིས་བྱིས་པ་ཁང་ནས་སློབ་ཆུང་གི་བར་དང་།དེ་ནས་སློབ་འབྲིང་བར་གྱི་སློབ་གསོ་མྱོང་ཐུབ།དེ་ནི་སྐྱེ་རྒུ་གྲོང་བརྡལ་དུ་ལས་ནས་གྲུབ་པའི་སློབ་གྲྭའི་རོགས་སྐྲུན་འཛུགས་སྐྲུན་ལས་གཞི་ཐོག་མ་རེད།དེ་ལས་ས་འགུལ་གྱི་གནོད་འཚེ་ཚབས་ཆེན་ཐེབས་པའི་སྐྱེ་རྒུ་གྲོང་བརྡལ་ནས་སང་ལོའི་དཔྱིད་ཀར་སློབ་མགོ་ཚུགས་སྐབས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཚང་མ་ཕྱིར་རང་ཡུལ་དུ་ལོག་ནས་སློབ་གྲྭ་གསར་བར་ཞུགས་ཐུབ་པར་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་ཡོད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ།ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་ཁང་གི་བཀོད་འདོམས་དཔོན་པོ་བང་ལིན་ཅོན་སློབ་གྲྭ་ལས་ནས་གྲུབ་པའི་མཛད་སྒོར་ཞུགས་པར་མ་ཟད་དར་ཚོན་བཅད།