མཚོ་སྔོན་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་ཡིས་སྐྱེ་རྒུ་གྲོང་བརྡལ་གྱི་གནོད་འཚེའི་རྗེས་ཀྱི་རོགས་སྐྲུན་བྱ་བའི་མཐུན་སྦྱོར་གྲོས་ཚོགས་བསྡུས་པ།

བཀྲ་ཤིས་འབུམ    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-08-12

མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་ཡིས་ཚེས7ཉིན་གྱི་ཕྱི་དྲོར་སྐྱེ་རྒུ་གྲོང་བརྡལ་གྱི་གནོད་འཚེའི་རྗེས་ཀྱི་རོགས་སྐྲུན་བྱ་བའི་མཐུན་སྦྱོར་གྲོས་ཚོགས་བསྡུས་ཏེ། པེ་ཅིན་གྲོང་ཁྱེར་དང་ལེའོ་ཉིན་ཞིང་ཆེན། ཀྲུང་གོ་འཆར་འགོད་ཇུས་འགོད་ཁང་སོགས་རོགས་སྐྲུན་ལས་ཁུངས་ཀྱིས་དེང་སྐབས་སྐྱེ་རྒུ་གྲོང་བརྡལ་གྱི་བསྐྱར་འཛུགས་ལས་གཞི་ལ་ཤུགས་རྐྱེན་ཐེབས་པའི་སྐོར་གྱི་དཀའ་ཁག་དང་གནད་དོན་གཙོ་བོ་ཡར་ཞུ་བྱས་པར་ཉན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཡུས་ཧྲུའུ་ཁུལ། དེ་མིན་རོགས་སྐྲུན་བྱ་བའི་ཨུ་ཡོན་ལྷན་ཁང་སོ་སོས་འབྲེལ་ཡོད་གནད་དོན་ཐད་ནས་གཏམ་བཤད། ཚོགས་ཐོག་ནས་ཕྱིན་ཆད་སྐྱེ་རྒུ་གྲོང་བརྡལ་གྱི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་ཁང་གི་བཀོད་འདོམས་དཔོན་པོ་བང་ལིན་ཅོན་དང་ཡུས་ཧྲུའུ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་ཡི་རྒྱུན་ལས་བཀོད་འདོམས་དཔོན་པོ་གཞོན་པ་བསྟན་ཁོ་སོགས་འབྲེལ་ཡོད་མགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས། 
  • ལེ་ཚན་སྔོན་མ།:བང་ལིན་ཅོན་གྱིས་ཡུལ་ཤུལ་ཁུལ་གྱི་བསྐྱར་འཛུགས་བཟོ་སྐྲུན་ལ་རྟོག་ཞིབ་བྱས།
  • ལེ་ཚན་རྗེས་མ།:སྐྱེ་རྒུ་གྲོང་བརྡལ་གྱི་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་བཟོ་སྐྲུན་ཐོག་མ་སྟེ་ཡུལ་ཤུལ་ཆ་ཚང་སློབ་ཆུང་གཉིས་
  • དོ་སྣང་ཆེ་བའི་རྩོམ།