ད་ལོར་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་དཀའ་ཁག་ཅན་གྱི་སློབ་མ་བརྒྱ་ལ་མི་རེར་རོགས་སྐྱོར་སྒོར་མོ་སྟོང་ལྔ་རེ་སྟེར་རྒྱུ་ཡིན་པ།

གཡང་འབུམ་རྒྱལ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-07-27

ཉིས་སྟོང་བཅུ་གཅིག་ལོར་ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་ནས་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་དཀྱུས་མའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞི་དང་ཆེད་སྦྱོང་ཚན་ཁག་ལ་རྒྱུགས་འཕྲོད་པའི་འཚོ་བར་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་སློབ་མ་གསར་བར་རོགས་སྐྱོར་བྱེད་ཆེད། མཚོ་སྔོན་ཞིང་ཆེན་སློབ་གསོ་འཕེལ་རྒྱས་ཐེབས་རྩ་ཚོགས་པས་འགྲིམ་འགྲུལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་ནས་སྒོར་མོ་འབུམ་ལྔ་བསྐྱིས་ཏེ། ད་ལོར་དངོས་སུ་རྒྱུགས་འཕྲོད་པའི་བརྡ་ཡིག་བཏང་བའི་འཚོ་བར་དཀའ་ཁག་ཆེ་བའི་སློབ་མར་རོགས་སྐྱོར་བྱེད་རྒྱུ་ཡིན་པ་དང་། མི་རེ་ལ་སྒོར་མོ་སྟོང་ལྔ་རེ་སྟེར་རྒྱུ་རེད།
  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་རྒུ་གྲོང་བརྡལ་གྱི་བསྐྱར་འཛུགས་བཟོ་སྐྲུན་གྱི་རྒྱུ་སྤུས་ལ་ཞིབ་བཤེར་བྱེད།
  • ལེ་ཚན་རྗེས་མ།:ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱོགས་མང་པོའི་དང་བླངས་མཁན་གྱི་མཉམ་འབྲེལ་ཚོགས་པ་དངོས་སུ་བཙུགས་པར་
  • དོ་སྣང་ཆེ་བའི་རྩོམ།