མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་སྲིད་ཅུའུ་ཡིས་ཆོག་མཆན་བཀོད་པ་བརྒྱུད། ཡུས་ཧྲུའུ་ཁུལ་ཕྱོགས་མང་པོའི་དང་བླངས་མཁན་གྱི་མཉམ་འབྲེལ་ཚོགས་པ་ཚེས་ཉེར་དྲུག་ཉིན་ཡུས་ཧྲུའུ་ཁུལ་ནས་དངོས་སུ་བཙུགས་པར་མ་ཟད་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་བསྡུས།
དང་བླངས་མཁན་རྣམས་རྩ་འཛུགས་བཟང་བོ་བྱེད་པ་དང་སྡེ་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། ཡུས་ཧྲུའུ་ཁུལ་གྱིས་ཕྱོགས་མང་པོའི་དང་བླངས་མཁན་གྱི་མཉམ་འབྲེལ་ཚོགས་པ་བཙུགས། ཚོགས་པ་དེ་བཙུགས་རྗེས་ཡུས་ཧྲུའུ་ཁུལ་དམངས་སྲིད་ཅུའུ་ཡིས་གཏན་འཁེལ་བྱས་པའི་སྒྲིག་ཡིག་ལྟར་བྱ་འགུལ་སྤེལ་དགོས་པར་མ་ཟད་རང་རྟོགས་སྒོས་བྱེད་སྒོའི་གཙོ་འགན་ཁུར་བའི་ལས་ཁུངས་དང་མིང་འགོད་དོ་དམ་ལས་ཁུངས། དེ་མིན་འབྲེལ་ཡོད་ལས་ཁུངས་བཅས་ཀྱི་མཛུབ་སྟོན་དང་ལྟ་རྟོག་དོ་དམ་དང་ལེན་བྱེད་དགོས།