ཡུལ་ཤུལ་ཁྲི་འདུ་རྫོང་གིས་བཟོ་སྐྲུན་བརྒྱད་ལག་བསྟར་བྱས་ནས་བསྐྱར་འཛུགས་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱས།

བཀྲ་ཤིས་འབུམ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-07-18

ད་ལོར་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་འདུ་རྫོང་གིས་མཁར་གྲོང་སྡོད་དམངས་ཀྱི་སྡོད་ཁང་བསྐྱར་འཛུགས་བཟོ་སྐྲུན་དང་སློབ་གསོ་དང་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་ཆས་བསྐྱར་འཛུགས་བཟོ་སྐྲུན། རྫོང་མཁར་གྱི་གཞུང་ལམ་འཛུགས་སྐྲུན་བཟོ་སྐྲུན། རྫོང་དང་ཞང་། གྲོང་བརྡལ་བཅས་ཀྱི་སྲིད་འཛིན་ལྟེ་གནས་འཛུགས་སྐྲུན་བཟོ་སྐྲུན་སོགས་བཟོ་སྐྲུན་ཆེན་པོ་བརྒྱད་ལག་བསྟར་བྱས་ནས་ལོ་ཧྲིལ་བོའི་བསྐྱར་འཛུགས་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱས།
  ཁྲི་འདུ་རྫོང་གིས་བསྐྱར་འཛུགས་ལས་གཞི་མང་བ་དང་ལག་བསྟར་བྱེད་པར་དཀའ་ཁག་ཆེ་བ་སོགས་ཀྱི་གནས་ཚུལ་དངོས་ལ་དམིགས་ཏེ། སྔ་མོ་ནས་བཀོད་སྒྲིག་དང་རྩ་འཛུགས་བྱས་ནས་མཁར་གྲོང་སྡོད་དམངས་ཀྱི་སྡོད་ཁང་དང་། སློབ་གསོ་དང་འཕྲོད་བསྟེན། སྤྱི་ཚོགས་ཕན་བདེ་སོགས་ལས་གཞི་གཙོ་བོ་འགའ་སྔ་སྣུར་སྒོས་ལས་མགོ་བརྩམས་པ་དང་། རྫོང་མཁར་གྱི་ལས་གཞི་གཞན་དག་ད་ལྟ་ལག་བསྟར་བྱེད་བཞིན་ཡོད། མིག་སྔའི་བར་དུ་རྫོང་ཡོངས་ཀྱི་ལས་གཞི་བརྒྱ་དང་བཅུ་དྲུག་ལ་ཞིབ་བཤེར་ཆོག་མཆན་འགོད་པའི་བྱ་བ་ཡོངས་གྲུབ་བྱས།
  • ལེ་ཚན་སྔོན་མ།:ཡུལ་ཤུལ་འབྲི་སྟོད་རྫོང་གི་ཁྱིམ་ཚང༡༣༦༨སྡོད་ཁང་གསར་བར་སྤོར།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་རྒུ་གྲོང་བརྡལ་གྱི་བསྐྱར་འཛུགས་བཟོ་སྐྲུན་གྱི་རྒྱུ་སྤུས་ལ་ཞིབ་བཤེར་བྱེད།
  • དོ་སྣང་ཆེ་བའི་རྩོམ།