ཀྲུང་གོ་སྤྱི་ཚོགས་ཕན་བདེ་སློབ་གསོ་ཐེབས་རྩ་ཚོགས་པས་་ཡུས་ཧྲུའུ་ཡི་དྭ་ཕྲུག་རྣམས་ལ་ཡང་བསྐྱར་གཅེས་སེམས་ཕུལ་བ།

བདེ་སྐྱིད་འཚོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-07-04

ཉེ་སྔོན། ཀྲུང་གོ་སྤྱི་ཚོགས་ཕན་བདེ་སློབ་གསོ་ཐེབས་རྩ་ཚོགས་པས་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཡི་དྭ་ཕྲུག་རྣམས་ལ་གཅེས་སེམས་འབུལ་བའི་ཞལ་འདེབས་མཛད་སྒོ་མཚོ་སྔོན་མགྲོན་ཁང་ནས་བསྡུས། དེ་ནི་ཐེབས་རྩ་ཚོགས་པ་དེས་འཕྲོ་རིམ་འཕྲོར་སྒོར་མོ་ས་ཡ་གཉིས་དང་འབུམ་ལྔ་བཏང་ནས་མཚོ་སྔོན་ནས་དྭ་ཕྲུག་རྣམས་ལ་རོགས་སྐྱོར་ལས་རིགས་ཀྱི་རྩལ་ནུས་སློབ་གསོ་ལས་གཞི་སྤེལ་རྗེས་ཡུས་ཧྲུའུ་ཡི་དྭ་ཕྲུག་རྣམས་ལ་ཞལ་འདེབས་འབུལ་ཐེངས་ཡང་ཐེངས་ཤིག་རེད།
 རེབ་འདིར་ཞལ་འདེབས་ཕུལ་བའི་སྒོར་མོ་འབུམ་བརྒྱད་པོ་ཡུས་ཧྲུའུ་ཡི་དྭ་ཕྲུག་སློབ་གསོའི་གསོ་སྦྱོང་སོགས་ཐད་ལ་བཀོལ་རྒྱུ་རེད། ཧྲིན་ཀྲང་གཞོན་པ་ཀྲང་ཀོང་རོང་དང་། ཀྲུང་གོ་སྤྱི་ཚོགས་ཕན་བདེ་སློབ་གསོ་ཐེབས་རྩ་ཚོགས་པའི་མཚན་འཛིན་ཚོགས་གཙོ། སྔོན་ཆད་ཀྱི་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཀོང་ཧི་སོགས་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད།
 ཀྲང་ཀོང་རུང་གིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོ་སྤྱི་ཚོགས་ཕན་བདེ་སློབ་གསོ་ཐེབས་རྩ་ཚོགས་པས་གཅེས་སེམས་ཕུལ་བར་བཀའ་དྲིན་ཆེ་ཞུས་པ་དང་ནང་སྒོས་སུ་ལིག་ཀོང་ཧི་དང་མཚན་འཛིན་ཚོགས་གཙོ་གཉིས་ཀྱིས་བྱིས་པ་རྣམས་ལ་བརྩེ་སེམས་ཟབ་མོ་བཅངས་བར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར་གཅེས་སེམས་ཕུལ་བའི་ཞལ་འདེབས་མ་དངུལ་ལ་དོ་དམ་བཟང་བོ་བྱས་ཏེ་དྭ་ཕྲུག་རེ་རེར་འཆམ་མཐུན་སྤྱི་ཚོགས་ཀྱི་དྲོད་འཁོལ་མྱངས་སུ་འཇུག་རྒྱུ་ཡིན་ཟེར། ཀྲུང་ཧྭ་རིག་གནས་སྲོལ་རྒྱུན་ཐེབས་རྩ་ཚོགས་པའི་མགོ་རྩོམ་མཁན། མིང་ཏུ་གྲགས་པའི་ཡིག་གཟུགས་པ་དང་སྒྱུ་རྩལ་པ་ལིས་ཧྲུའུ་ཅེ་ཡིས་ཀྱང་བྱིས་པ་རྣམས་ལ་རེ་བ་འགའ་བཏོན།
  • ལེ་ཚན་སྔོན་མ།:ཡུས་ཧྲུའུ་ས་ཁུལ་དུ་གནོད་འཚེ་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཀྱི་སྔོན་ཐོན་བསྐྲུན་པ་དང་ཕུལ་བྱུང་བརྩོན་པའི
  • ལེ་ཚན་རྗེས་མ།:ཡུལ་ཤུལ་འབྲི་སྟོད་རྫོང་གི་ཁྱིམ་ཚང༡༣༦༨སྡོད་ཁང་གསར་བར་སྤོར།
  • དོ་སྣང་ཆེ་བའི་རྩོམ།