ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་གྱི་དྲོད་ཁང་ནང་དུ་ནམ་ཟླ་ཚད་ལེན་འཕྲུལ་ཆས་བཙུགས་པ།

བསོད་ནམས་ལྷ་མོ    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-05-03

གསར་འགོད་པས་ཉེ་ལམ་རྒྱུས་ལོན་བྱུང་པའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གནམ་གཤིས་རྟོག་དཔྱོད་ཅུའུ་ཡིས་ཡུས་ཧྲུའུ་ཁུལ་གྱི་སྔོ་ཚོད་དྲོད་ཁང་ནང་དུ་ནམ་ཟླ་ཚད་ལེན་འཕྲུལ་ཆས་སྒྲིག་སྦྱོར་བྱས།
  ཡུས་ཧྲུའུ་ཁུལ་གྱི་འདེབས་འཛུགས་ཁྱིམ་ཚང་གི་དགོས་མཁོ་དང་དྲོད་ཁང་གི་ལོ་ཏོག་སྐྱེ་འཕེལ་གྱི་དགོས་མཁོ་ལྟར། ལག་རྩལ་མི་སྣས་ནམ་ཟླ་ཚད་ལེན་འཕྲུལ་ཆས་སྒྲིག་སྦྱོར་བྱས་པ་དང་། ཚད་ལེན་འཕྲུལ་ཆས་དེས་དྲོད་ཁང་གི་དྲོད་ཚད་དང་བརླན་ཚད་འཇལ་ཐུབ་པར་མ་ཟད། ད་དུང་ས་ངོས་ཀྱི་དྲོད་ཚད་དང་སའི་ནང་གི་དྲོད་ཚད་སོགས་འཇལ་ནས་འདེབས་འཛུགས་ཁྱིམ་ཚང་ལ་དུས་ཐོག་ཏུ་ནམ་ཟླའི་རྒྱུ་ཆ་འདོན་སྤྲོད་བྱེད་ཐུབ་པས་དེས་འདེབས་འཛུགས་ལས་རིགས་ཀྱི་ཕན་ནུས་ཇེ་མཐོར་གཏོང་ཐུབ།
  • ལེ་ཚན་སྔོན་མ།:2011ལོའི་མཚོ་ནུབ་ཁུལ་གྱི་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལ་རོགས་སྐྱོར་བྱེད་པའི་བྱ་བ
  • ལེ་ཚན་རྗེས་མ།:ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཆེད་དོན་གྲོས་ཚོགས་བསྡུས་ནས་སྐྱེ་རྒུ་གྲོང་བརྡལ་གྱི་སྡོད་ཁང་དང་ཚོ
  • དོ་སྣང་ཆེ་བའི་རྩོམ།