གས་ཆག་ཁྲོད་གསར་དུ་འཛུགས་སྐྲུན་བྱེད་བཞིན་པའི་ཡུལ་ཤུལ་གསར་པ།

ཞིན་ཧྭ་དྲ་བ་ནས།        2011-04-14

ཟླ4བའི་ཡུལ་ཤུལ་ནི་ནམ་ཟླ་རིམ་བཞིན་ཇེ་དྲོར་སོང་སྟེ།  གནོད་ཕྱིའི་བསྐྱར་འཛུགས་བཟོ་འགོད་དེ་འཛུགས་སྐྲུན་མཐོ་རླབས་ཀྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས།  2010ལོའི་ཟླ6པའི་ཚེས20ཉིན།  ཡུལ་ཤུལ་གནོད་ཕྱིའི་བསྐྱར་འཛུགས་ཕྱོགས་ཡོངས་ནས་འགོ་བརྩམས་པ་དང་།  བསྐྱར་འཛུགས་བཟོ་འགོད་དགུན་དུས་ཀྱི་ལས་མཚམས་མ་བཞག་གོང་གི་དུས་ཡུན་ཟླ5ལྷག་ཙམ་གྱི་རིང་ལ་ལས་གཞི298འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་།  མ་དངུལ་སྒོར་དུང་ཕྱུར50.1ལེགས་འགྲུབ་བྱུང་།  མམཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་རོགས་འཛུགས་དམག་དཔུང་གི་མཉམ་དུ་འབད་བརྩོན་བྱས་པར་བརྒྱུད།  ཡུལ་ཤུལ་གནོད་ཐེབས་ས་ཁུལ་གྱི་གནོད་ཕྱིའི་བསྐྱར་འཛུགས་ལ་དུས་རབས་རང་བཞིན་གྱི་གྲུབ་འབྲས་རླབས་ཆེན་ཐོབ་པ་དང་།  མཛེས་སྡུག་གི་ཡུལ་ཤུལ་གསར་པ་ཞིག་གས་ཆག་ཁྲོད་རིམ་བཞིན་གསར་འཛུགས་བྱེད་བཞིན་ཡོད།
2011ལོར།  ཡུལ་ཤུལ་གནོད་ཕྱིའི་བསྐྱར་འཛུགས་བྱ་བར་བསྐྱར་འཛུགས་ལས་གཞི་ཡོངས་ཀྱི་འཆར་འགོད་ཇུས་གཞི་དང་ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན།  གྲོང་རྡལ་མང་ཆེ་བའི་སྡོད་ཁང་འཛུགས་སྐྲུན་བཅས་ཚང་མ་ལེགས་འགྲུབ་བྱས་པ་ཡོད་པ་མ་ཟད།  སྤྱི་པའི་ཞབས་ཞུ་སྒྲིག་ཆས་དང་རྨང་གཞི་སྒྲིག་ཆས་ལས་གཞི་མང་ཆེ་བ་ལས་འགོ་བརྩམས་ལ།  འཆར་འགོད་མ་དངུལ་སྒོར་དུང་ཕྱུར200གཏོང་རྒྱུ་རེད།  །
  • ལེ་ཚན་སྔོན་མ།:ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་གྱི་སློབ་གྲྭ་རྣམས་དུས་ལྟར་སློབ་འགོ་བརྩམས་པ་དང་། སློབ་གྲྭའི་སློབ་ཁྲིད་ཀྱི་ས
  • ལེ་ཚན་རྗེས་མ།:བདེ་བར་བཞུད། ངའི་སྲོག་དང་འདྲ་བའི་སྤུན་གྲོགས་ཚོ།
  • དོ་སྣང་ཆེ་བའི་རྩོམ།