བློ་མཐུན་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས།

སྐལ་ཐུབ་ཀྱིས།        2014-04-14

   
བློ་མཐུན་ཅའོ་ཡུས་ལུའུ་ནི་མི་དམངས་ཀྱི་ལས་བྱེད་པ་བཟང་པོ་ཞིག་ཡིན་ལ། ཏང་གི་ལས་བྱེད་པ་བཟང་པོ་ཞིག་ཀྱང་ཡིན་པ་མ་ཚད། ཏང་ཡོངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་པ་བཟང་པོ་ཞིག་ཀྱང་ཡིན་པ་རེད། ཁོང་གིས་དངོས་ཐོག་བདེན་འཚོལ་དང་མང་ཚོགས་ལམ་ལུགས་ཀྱི་འགོ་ཁྲིད་ལས་དོན་སྒྲུབ་ཐབས་རྒྱུན་འཁྱོངས་གནང་ཞིང་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་རང་བྱུང་གི་གནོད་འཚེ་ཚབས་ཆེན་དང་འཐབ་འཛིང་དྲག་པོ་བྱས་ནས་ནན་ཁའོ་རྫོང་གི་སྐྱོ་སྡུག་རྣམ་པ་རྩ་བ་ནས་བསྒྱུར་བ་རེད། ཁོང་ལ་མཆིན་སྐྲན་ཕོག་ཀྱང་ན་ཟུག་བསྲན་ནས་ལས་དོན་མཐའ་འཁྱོངས་བསྒྲུབས་པས་རང་སྲོག་ཡལ་བར་འདོར་བའི་མི་དམངས་ཀྱི་ཞབས་ཞུ་བ་བཟང་པོའི་མཚན་སྙན་ཐོབ་པ་རེད། བློ་མཐུན་ཅའོ་ཡུས་ལུའུ་ང་ཚོ་དང་ཁ་བྲལ་ནས་ལོ་ངོ50སོང་བ་ཡིན་མོད། ཁོང་གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་དམངས་ལ་དགའ་ཞིང་དམངས་ལ་གཅེས་པ་དང་། དཀའ་སྤྱད་འབད་འཐབ་བྱེད་པ། ཚན་རིག་དང་མཐུན་པའི་དམ་པ་དོན་གཉེར་བྱེད་པ། ཡོད་ཚད་བློས་འབུལ་བྱེད་པ་བཅས་ཀྱི་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་བསྐྲུན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནན་ཁའོ་རྫོང་དུ་ཕེབས་ནས་རྟོག་ཞིབ་གནང་དུས་བློ་མཐུན་ཅའོ་ཡུས་ལུའུ་ཡི་སེམས་ནང་མང་ཚོགས་ལས་ཁོང་རང་ཉིད་མེད་པའི་སྙིང་སྟོབས་དང་། ཧུར་བརྩོན་གྲོན་ཆུང་དང་དཀའ་སྤྱད་ལས་སྐྲུན། ཉི་ཟླ་གསར་པར་སྒྱུར་རྒྱུའི་འབད་འཐབ་སྙིང་སྟོབས། བདེན་པ་བདེན་ཐུག་དང་བརྟག་དཔྱད་ཞིབ་འཇུག བྱ་བ་ཐམས་ཅད་དངོས་ཡོད་གནས་ཚུལ་ལ་བརྟེན་ནས་སྒྲུབ་པའི་དོན་གཉེར་གྱི་སྙིང་སྟོབས། དཀའ་ངལ་ལ་མི་སྐྲག་ཅིང་ཉེན་ཁར་མི་འཛེམས་པར་གསར་བརྗེ་བས་དཀའ་ངལ་གྱི་མདུན་དུ་དཔའ་བོ་བྱེད་དགོས་པའི་ཞུམ་མེད་ཀྱི་སྙིང་སྟོབས། སྤྱོད་བཟང་སྤྱི་གཞོལ་དང་སྲིད་བརྩོན་དམངས་ཆེད་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་གི་དོན་དུ་སྟོབས་ཤུགས་ཡོད་དགུ་རྩལ་སྤྲུགས་ཀྱིས་ནམ་འཚོའི་བར་དུ་ཞབས་ཞུར་བརྩོན་པའི་སྙིང་སྟོབས་བཅས་ལ་སློབ་སྦྱོང་བྱེད་ཅིང་དར་སྤེལ་གཏོང་དགོས་པའི་ཐུགས་རེ་གནང་བ་ལྟར་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱེད་སྒོའི་ཁྲོད་དུ་ཞུགས་ནས་རང་ནུས་འཇོན་ཚད་ཀྱིས་བྱས་རྗེས་འཇོག་བར་འོས་སོ༎
  • ལེ་ཚན་སྔོན་མ།:འདབ་པ་རྫོང་གིས་མང་ཚོགས་ལས་ཀ་དང་ཉེར་འབྱོར་གསུམ་གྱི་བྱེད་སྒོ་སྤེལ་སྐབས་ཧུའུ་ཁྲང་ཧྲེང་གིས་ཐུགས་རེ་འདི་ལ
  • ལེ་ཚན་རྗེས་མ།:བྱམས་བློས་དཀར་མཛེས་ཚགས་པར་ཁང་དུ་རྟོག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།