བྱམས་བློས་དཀར་མཛེས་ཚགས་པར་ཁང་དུ་རྟོག་ཞིབ་གནང་།

སྐལ་ཐུབ་ཀྱིས་གནས་ཚུལ་བཀོད་ཅིང་པར་བླངས།        2014-04-14

 

བྱམས་བློས་དཀར་མཛེས་ཚགས་པར་ཁང་དུ་རྟོག་ཞིབ་གནང་།

ཟླ་བ3པའི་ཚེས31ཉིན། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་བྱམས་བློ་དཀར་མཛེས་ཚགས་པར་དུ་ཁང་དུ་ཕེབས་ནས་རྟོག་ཞིབ་གནང་བ་རེད། ཁོང་གིས་སྔར་ལྷག་གིས་དྲིལ་བསྒྲགས་ཆེན་པོའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ཤིང་། དྲིལ་བསྒྲགས་ཆེན་པོའི་བསམ་ཤེས་འཛིན་དགོས་པ། དྲིལ་བསྒྲགས་ཆེན་པོའི་གནས་བབས་ཆགས་སུ་བཅུག་ནས་རང་ཁུལ་གྱི་དྲིལ་བསྒྲགས་ལས་ཀ་བོད་ཁུལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་གང་ཐུབ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
    བྱམས་བློས་དཀར་མཛེས་ཚགས་པར་ཁང་བཙུགས་ནས་ལོ་ངོ60སོང་བའི་རིང་ཁུལ་ཡོངས་ཀྱི་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་ཐད་བྱས་རྗེས་མི་དམན་པ་བཞག་པར་གདེང་འཇོག་གང་ལེགས་གནང་ཞིང་གསར་འགྱུར་ལས་རིགས་ཀྱི་ལས་སྒྲུབ་མི་སྣ་ཡོངས་ལ་གུས་འདུད་དང་འཚམས་འདྲི་ཞུས་པ་རེད། ཁོང་གིས་ཁ་ཕྱོགས་ལེགས་འཛིན་བྱ་རྒྱུར་མཐའ་འཁྱོངས་བྱ་དགོས་པ་དང་། དཀར་མཛེས་ཁུལ་གྱི་གནས་ཚུལ་གསར་པ་དང་དམངས་འཚོའི་གླེང་མང་ཆེ་བའི་གནས་ཚུལ་བཅས་ལ་དམིགས་ནས་གསར་འགྱུར་ཇུས་འགོད་ཡག་པོ་བྱ་རྒྱུར་མཐའ་འཁྱོངས་བྱེད་དགོས་པ། ནན་ཞིང་ཞིབ་ལ་དོན་ཐོག་བབ་པའི་ལས་ཀའི་སྤྱོད་ཚུལ་ཁུར་ནས་སྤུས་ཚད་ཡག་པོ་འཛིན་རྒྱུར་མཐའ་འཁྱོངས་བྱེད་ཅིང་། ས་ཁུལ་དང་མི་རིགས་ཀྱི་ཁྱད་ཆོས་མངོན་ཞིང་མང་ཚོགས་ཀྱི་འཚོ་བ་དངོས་མཚོན་ཐུབ་པར་དམིགས་ནས་དྲིལ་བསྒྲགས་ལས་ཀར་ཁྱད་ཆོས་ལྡན་པ་བྱ་རྒྱུར་མཐའ་འཁྱོངས་བྱེད་པ་དང་། གསར་འགྱུར་ལས་སྒྲུབ་མི་སྣ་ཚོས་དྲིལ་བསྒྲགས་པ་ཞིག་བྱ་དགོས་ལ་ལྟ་སྐུལ་བ་ཞིག་ཀྱང་བྱེད་དགོས། དྲང་ཕྱོགས་ཀྱི་གནས་ཚུལ་དྲིལ་བསྒྲགས་བྱེད་དགོས་ལ་ལྡོག་ཕྱོགས་ཀྱི་མི་འདང་བ་ཡང་ཤོད་ཕོད་དགོས། འཕེལ་རྒྱས་ཀྱི་འགྱུར་ལྡོག་གནས་ཚུལ་དྲིལ་བསྒྲགས་བྱེད་དགོས་ལ་དམངས་འཚོའི་ཞུ་གཏུག་ཀྱང་མཚོན་ཐུབ་དགོས། སྲིད་གཅོད་བཀོད་སྒྲིག་བྱ་རྒྱུ་འགོད་དགོས་ལ་དོན་འཁྱོལ་བྱ་ཚུལ་ཡང་རྗེས་འདེད་གཏོང་ཐུབ་དགོས་པ་བཅས་བྱས་ནས་གླེང་ཕྱོགས་ཀྱི་ལྟ་སྐུལ་བྱ་རྒྱུར་མཐའ་འཁྱོངས་བྱེད་དགོས། ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་འཐུས་ཚང་བཏང་ནས་དོན་ལས་དང་ཁེ་ལས་ཕྱོགས་གཉིས་ཀྱི་དོ་དམ་བྱེད་ཐབས་ལ་འཚོལ་ཞིབ་ཧུར་ཐག་བྱས་ཤིང་བརྩོན་སྐུལ་ནང་སྲོལ་འཛུགས་ཤིང་འཐུས་ཚང་དུ་གཏོང་བ། ཤེས་ལྡན་མི་སྣ་བེད་སྤྱོད་གཏོང་མཁས་པོ་དང་། ཤེས་ལྡན་མི་སྣ་ལ་བརྩི་བཀུར་དང་འདྲེན་འགུགས་བྱེད་དགོས། གསར་འགོད་པ་དང་ལས་ཞོར་གསར་འགོད་པའི་དཔུང་སྡེ་གཉིས་ཀྱི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་དོ་དམ་བྱ་རྒྱུར་མཐའ་འཁྱོངས་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།
    རྟོག་ཞིབ་བྱ་བ་མཇུག་བསྒྲིལ་རྗེས་བྱམས་བློས་ད་དུང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་མི་སྣ་བསྡུས་ནས་ཚགས་པར་འཕེལ་རྒྱས་གཏོང་བའི་སྐོར་དང་པར་སྐྲུན་ཁང་གི་སྒྲིག་ཆས་གསར་བརྗེ་བྱ་རྒྱུའི་སྐོར་སོགས་ཀྱི་གནད་དོན་ལ་དམིགས་ནས་ཡུལ་དངོས་སུ་གཞུང་དོན་བསྒྲུབས་པ་རེད།
 



 

  • ལེ་ཚན་སྔོན་མ།: བློ་མཐུན་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས།
  • ལེ་ཚན་རྗེས་མ།:ད་ལོར་རང་ཁུལ་གྱི་དམངས་འཚོ་ལ་གློག་སྤྱད་རྒྱུ་དེ་ཆུ་ཚོད་རེར་སྟོང་ཝ་ཁྲི2.156ཐོག་བསླེབ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།