ཞིང་དཔོན་གཞོན་པ་ཀྲུང་མེན་གྱིས་རང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་།

སྒྲོལ་མ་ཚེ་མཚོས་བསྒྱུར།        2013-11-11

   ཟླ་བ10པའི་ཚེས31ཉིན།ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།ཞིང་དཔོན་གཞོན་པ་ཀྲུང་མེན་གྱིས་རང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བོད་ཁུལ་གྱི་དམངས་འཚོ་ལས་གྲྭ་ཆེན་པོ་དྲུག་གི་འཆར་འགོད་ལག་བསྟར་བྱ་རྒྱུའི་སྐོར་གྱི་བཀོད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་དོན་དངོས་དང་ཟུང་འབྲེལ་བྱེད་པ།རིགས་སྣ་ཚོགས་ཀྱི་དམངས་འཚོའི་ཆེད་དོན་འཆར་འགོད་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དམ་འཛིན་ཟབ་མོ་བྱེད་པ།སང་ལོའི་ལས་ཀ་འཆར་འགོད་བཀོད་སྒྲིག་ཞིབ་ཚགས་བྱས་ནས་བོད་ཁུལ་གྱི་དམངས་འཚོ་རྒྱུན་བསྲིང་ངང་ལེགས་བཅོས་མངོན་གསལ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་བ་རེད།ཀྲུང་མེན་དར་མདོ་རྫོང་དང་ལྕགས་ཟམ་རྫོང་གཉིས་ཀྱི་གཞི་རིམ་དུ་ཕེབས་ནས་གྲོང་རྡལ་གྱི་དཀའ་ངལ་ཆེ་བའི་མང་ཚོགས་ལ་གླ་ཆུང་སྡོད་ཁང་འཛུགས་སྐྲུན་དང་ཞིང་སྡེའི་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་ལོག་ཉེན་ཡོད་པའི་ཁང་པ་རྙིང་པ་བསྒྱུར་བཀོད་དང་ལས་ཞུགས།ཡོང་འབབ་འཕར་སྣོན།བོད་ཁུལ་གྱི་འཕྲོད་བསྟེན་བྱ་གཞག་འཕེལ་ཚུལ།ལས་རིགས་སློབ་གསོའི་འབྲེལ་ཡོད་གནས་ཚུལ་བཅས་ལ་ལས་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་གནང་བ་དང་བོད་ཁུལ་གྱི་དམངས་འཚོ་ལས་གྲྭ་ཆེན་པོ་དྲུག་གི་འཆར་གཞི་ལག་བསྟར་བྱས་ཚུལ་ལ་རྟོགས་ཞིབ་ཞིབ་ཕྲ་གནང་བ་རེད།
    ཀྲུང་མེན་གྱིས་བསྟན་དོན།བོད་ཁུལ་གྱི་དམངས་འཚོ་ལས་གྲྭ་ཆེན་པོ་དྲུག་གི་འཆར་གཞི་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བོད་ཁུལ་ལས་ཀར་སྐུལ་འདེད་གཏང་རྒྱུའི་གལ་འགངས་ཆེ་བའི་བྱེད་ཐབས་ཤིག་ཡིན་སྟབས།བོད་ཁུལ་ཡུན་རིང་བདེ་འགོད་ཡོང་བ་དང་མི་རིགས་ཁག་གི་མང་ཚོགས་བདེ་སྐྱིད་ཡོང་བ་དང་འབྲེལ་བ་ཡོད་པས།ངེས་པར་དུ་དམ་འཛིན་ལེགས་འཛིན་དངོས་འཛིན་བྱས་ནས་གྲུབ་འབྲས་དངོས་ཐོབ་པ་བྱེད་དགོས་པ་དང་།དམངས་ཕྱུག་དམངས་ཕན་དམངས་བདེ་མངོན་འགྱུར་བྱེད་པ།འཆར་འགོད་ཧྲིལ་པོ་དང་གཅིག་གྱུར་འཆར་འགོད་བྱ་རྒྱུར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས།བོད་ཁུལ་གྱི་དམངས་འཚོ་ལས་གྲྭ་དང་ཐོན་ལས་འཕེལ་རྒྱས་གཏང་རྒྱུ་དང་ཟུང་འབྲེལ་བྱེད་པ།བོད་ཁུལ་གྱི་ཞིང་སྡེ་གསར་པ་འཛུགས་སྐྲུན་དང་གྲོང་རྡལ་གསར་པ་ཅན་དུ་འགྱུར་རྒྱུ་དང་ཟུང་འབྲེལ་བྱེད་དགོས།རྨང་གཞི་སྒྲིག་ཆས་ལེགས་བཅོས་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས་སྔར་ལྷག་གིས་མང་ཚོགས་ལས་ཞུགས་བྱ་རྒྱུ་དང་ཡོང་འབབ་འཕར་སྣོན་ཡོང་བའི་ཐབས་ལམ་རྒྱ་སྐྱེད་བཏང་ནས་རྒྱུན་ཆད་མེད་པར་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་ལེགས་བཅོས་གཏོང་དགོས།བོད་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་མང་ཚོགས་ལ་ཐད་ཀར་ཕན་ཐོགས་པ་དང་ཁྱབ་ཚད་ཆེ་བ།ཅུང་ཁ་ཚ་དགོས་གཏུགས་ཀྱི་སློབ་གསོ་དང་།སྨན་བཅོས་འཕྲོད་བསྟེན།སྤྱི་ཚོགས་རོགས་སྐྱོར།ངལ་རྩོལ་ལས་ཞུགས།གྲོང་རྡལ་གྱི་སྡོད་ཁང་འགན་ལེན།བོད་ཁུལ་གྱི་སྡོད་ཁང་གསར་པ་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་སང་ལོར་བོད་ཁུལ་གྱི་དམངས་འཚོའི་གཙོ་གནད་བྱ་བ་ལ་ཞིབ་འཇུག་བྱ་རྒྱུ་དམ་འཛིན་བྱེད་དགོས།ལྟ་སྐྱོང་སེམས་གསོ་བྱ་རྒྱུ་དེ་མང་ཚོགས་ཀྱི་སེམས་ཁྲལ་བྱེད་ཆེ་ས་དང་རེ་འདུན་བྱེད་སར་བསྐྱལ་ནས་མང་ཚོགས་ལ་ཕན་ངོ་མ་ཐོགས་སུ་འཇུག་དགོས།
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཡིག་ཚགས་ལས་སྒོ་ལག་རྩལ་འགྲན་བསྡུར་བྱས།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་གིས་གློག་ཤུགས་མཁའ་ལམ་གྱི་ཨར་ལས་སྐྲུན་རྒྱུར་མཐུན་སྦྱོར་བྱས།
  • དོ་སྣང་ཆེ་བའི་རྩོམ།