རང་ཁུལ་གྱིས་ཡིག་ཚགས་ལས་སྒོ་ལག་རྩལ་འགྲན་བསྡུར་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2013-11-11

ཁུལ་ཐད་གཏོགས་ལས་དོན་ཨུ་ལྷན་དང་ཁུལ་ཡིག་ཚགས་ཅུས་གཉིས་ཀྱིས་མཉམ་འབྲེལ་གཙོ་གཉེར་བྱེད་པའི་ཁུལ་ཡོངས་ཀྱི་ཡིག་ཚགས་ལས་སྒོ་ལག་རྩལ་འགན་བསྡུར་ཆེན་པོ་དེ་ཟླ་བ11པའི་ཚེས1ཉིན་ཁུལ་ཡིག་ཚགས་ཅུས་ནང་སྤེལ་བ་རེད།རིམ་པ་རེ་རེ་བཞིན་བདམས་གསེས་བྱས་ནས་ཁུལ་རིམ་པའི་ལས་ཁུངས་དང་ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་དོན་ལས་སྡེ་ཚན་ནས་ཡོང་བའི་མི16རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་ཆོག་རྒྱུ་བདམས་པ་རེད།མཐར་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བདམས་པའི་ཞུས་ཧྥུ་ཞན་གྱིས་བྱ་དགའ་ཨང་དང་པོ་རག་པ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན།ཐེངས་འདིའི་ཡིག་ཚགས་ལག་རྩལ་འགྲན་བསྡུར་ཆེན་པོ་དེའི་དམིགས་ཡུལ་ནི་ལས་སྒོ་ཉམས་མྱོང་སྤེལ་རེས་དང་ལས་སྒོ་ལག་རྩལ་མཐོར་འདེགས་གཏོང་བ།ཡིག་ཚགས་ལས་དོན་སྒྲུབ་མཁན་གྱི་འཇོན་ཐང་སྟོན་པ་དང་སློབ་སྦྱོང་སྤེལ་རེས་བྱ་རྒྱུའི་གོ་སྐབས་ཤིག་འདོན་སྤྲོད་བྱས་པར་མ་ཚད།ཡིག་ཚགས་མི་སྣ་ལ་སློབ་སྦྱོང་དང་གོ་ཆོད་པོ་ཡོང་བར་སྐུལ་མ་བཏང་ནས་ནུས་ཤུགས་ཡོད་དགུས་ཏང་གི་འཛུགས་སྐྲུན་ལས་ཀ་དང་ཡིག་ཚགས་ལས་དོན་དེ་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་པར་སྐུལ་འདེད་གཏང་རྒྱུ་དེ་ཡིན་ནོ།།
  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་གིས་ཁོངས་ཡོངས་ཅན་གྱི་ལྗོངས་རྒྱུ་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་བྱས།
  • ལེ་ཚན་རྗེས་མ།:ཞིང་དཔོན་གཞོན་པ་ཀྲུང་མེན་གྱིས་རང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་།
  • དོ་སྣང་ཆེ་བའི་རྩོམ།